中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་རྒྱལ་གྱི་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྣམ་པ་བཟང་པོ་མངོན་པ།
དུས་ཚོད།2019-07-02 08:51:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   ཚེས26ཉིན། རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་ལུའོ་ཧྲུའུ་ཀང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་ཡོད། རིག་གནས་ཐོན་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་དང་སྒུལ་ཤུགས་གསར་པར་གྱུར་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་འཚོ་བའི་རེ་སྒུག་གསར་པ་སྐོང་བ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བརྗོད་པ་རེད།
    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་གཞིར་བཟུང་། ལུའོ་ཧྲུའུ་ཀང་གིས་དེ་ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལས་དོན་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་སྙན་སེང་ཞུས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིག་གནས་ཐོན་ལས་ཀྱི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པས་ནུས་པ་གལ་ཆེན་ཐོན་ནས་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྣམ་པ་བཟང་པོ་མངོན་ཡོད་ཅེས་བརྗོད།
    གཅིག་ནས་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་དང་གྲངས་ཚད་མང་དུ་ཕྱིན་པ། རིག་གནས་སྤུས་དག་དང་ལྷག་པར་དུ་བརྗོད་དོན་གཙོ་བོའི་བརྩམས་ཆོས་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། 《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གསུང་བཤད་སུམ་ཅུ》སོགས་ཆབ་སྲིད་རིགས་ཀྱི་ཀློག་དེབ་དང་། དེ་བཞིན《མཚོ་དམར་བྱ་སྤྱོད》སོགས་ཏང་དང་། མེས་རྒྱལ། མི་དམངས། དཔའ་བོ་བཅས་ལ་བསྟོད་གླུ་ཕུལ་བའི་བརྩམས་ཆོས་སྤུས་དག་ཁག་གཅིག་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
    གཉིས་ནས་རིག་གནས་ཐོན་ལས་འདི་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་རང་བཞིན་གྱི་ཐོན་ལས་སུ་གྱུར་བའི་དམིགས་ཚད་ཕྱོགས་སུ་བསྐྱོད་པ། 2017ལོར་རྒྱལ་ཡོངས་རིག་གནས་ཐོན་ལས་ཀྱི་གནས་ཐང་འཕར་མ་སྒོར་དུང་ཕྱུར34722ཟིན་པ་དེGDPཡི་བསྡུར་ཚད་བཟུང་ཚད4.23%ཟིན་པ་དེ་ལོ་གོང་མ་ལས12.8%(ད་ཡོད་རིན་གོང་ལྟར་རྩིས་བརྒྱབ་པ)འཕར་ཡོད། གནས་ཐང་འཕར་མ་སྒོར་དུང་ཕྱུར་སྟོང་ལས་བརྒལ་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)13ཡོད་པ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།