中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་སུའུ་ཡིས་ནག་སྤྱོད་སྟོབས་ཤུགས་སྣ་ཚོགས་དང་དེའིསྲུང་གདུགསལ་ཕར་རྒོལ་དྲག་པོ་བྱས་པ།
དུས་ཚོད།2019-07-03 15:55:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཀན་སུའུ་ཞིང་ཆེན་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་ཚོགས་ཏེ། རང་རེའི་ཞིང་ཆེན་གྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་སྤེལ་ཚུན་དུ་ཐོབ་པའི་གྲུབ་འབྲས་བརྡ་ཁྱབ་སྤེལ། ཟླ 6པའི་ཚེས 20ཉིན་གྱི་ཆུ་ཚོད 22བར་དུ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་དང་འབྲེལ་བའི་ཉེས་གསོག་ཚོགས་པ 470མེད་པར་བཟོས། དེའི་ཁྲོད་དུ་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས 50དང་། སྤྱོད་ངན་དང་འབྲེལ་བའི་ཉེས་གསོག་ཚོགས་པ 121  ནག་སྤྱོད་དང་འབྲེལ་བའི་ཉེས་གསོག་དཔུང་ཁག 299  སྡེ་བའི་བཙན་བདག 142ཡོད་ལ། ཉེས་དོན་གྱོད་གཞི 3825དང་མེ་མདའ 30རྩད་ཆོད་པ་དང་། གྱོད་འབྲེལ་རྒྱུ་ནོར་སྒོར་དུང་ཕྱུར 25.5ལྷག་སྒོ་ཐེལ་རྒྱག་པ་དང་བསྡམས་བཅད། བཀག་ཉར་བཅས་བྱས་ལ། ཁྲིམས་འགལ་ཉེས་གསོག་མི་སྣ 371གིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་བསྡོམས་པས་གྱོད་གཞི 236སྟེ་མི 1893ལ་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་ཤིང་། ནག་སྤྱོད་དང་འབྲེལ་བའི་གྱོད་གཞི 147ཏེ་མི 1017ལ་འདྲི་གཅོད་བྱས་པ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ནག་སྤྱོད་དང་འབྲེལ་བའི་རུལ་སུངས་གནད་དོན་དང“སྲུང་གདུགས”ཀྱི་གྱོད་གཞི 369སྟེ་མི 863གྱོད་ཁོངས་སུ་བཞག་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། རྩ་འཛུགས་སྡེ་ཁག་གིས་ནུས་མེད་ཟབ་ཟོབ་ཀྱི་རྗེས་ལུས་སྡེ་བའི་ཏང་རྩ་འཛུགས 3674རྩད་ཞིབ་གཏན་ཁེལ་བྱས་པ་མ་ཟད་ཏང་རྩ་འཛུགས 2460དག་ཐེར་བྱས།
    ཞིང་ཆེན་ནག་སེལ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཏང་ཀྲུང་དབྱང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་ཕྱོགས་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་པ་དང་ཐབས་ཇུས་ཇེ་དྲག་ཏུ་བཏང་བ་བཅས་བྱས་ཏེ། རྡུང་རྡེག་དང་བཅོས་སྒྲིག་གི་མཐོ་རླབས་གཅིག་རྗེས་གཉིས་མཐུད་ངང་འཕྱུར་བ་དང་ནག་སྤྱོད་སྟོབས་ཤུགས་སྣ་ཚོགས་དང་དེའི“སྲུང་གདུགས”ལ་ཕར་རྒོལ་དྲག་པོ་བཏང་བས། ཆེད་དོན་འཐབ་རྩོད་མུ་མཐུད་དུ་འཕེལ་རྒྱས་འབྱུང་བར་ནུས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་དང་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།