中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཨུའི་རྒྱུན་ཨུ་ཁང་གིས་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་རང་ཁུལ་གྱི་དོན་འཁྱོལ་ལག་བསྟར་བྱ་བ་བཀོད་སྒྲིག་བྱས་པ།
དུས་ཚོད།2019-07-03 15:58:45     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 25ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ། 《ཀྲུང་གུང་ཀྲུང་དབྱང་གིས་དཔར་འགྲེམ་བྱས་པའི〈ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྦྱོང་བྱེད་པའི〉སྐོར་གྱི་བརྡ་ཐོ》དང《ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་ཞིབ་བཤེར་བྱ་བའི་གཏན་འབེབས》 ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་འབྲེལ་བའི་རྒྱས་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གད་སྙིགས་རིགས་དབྱེའི་བྱ་བའི་ཐད་ཀྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ནག་སེལ་གཤེད་བཅོམ་དང་ཞིང་སྡེ་བཅོས་སྐྱོང་། དམངས་ཆེན་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།
    གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་གནམ་སྔོན་པོ་སྲུང་སྐྱོང་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ལ། དྭངས་གཙང་གི་ཆུ་བོ་འགན་སྲུང་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ནས། སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་སྣང་དང་བདེ་སྐྱིད་ཀྱི་ཚོར་བ་དང་བདེ་འཇགས་ཀྱི་ཚོར་བ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་པ་མ་ཟད། བབ་བཟང་གི་སྐྱེ་ཁམས་ཐོན་ཁུངས་ནས་རྐང་བཙུགས་ཏེ། “ཀྲུང་གོའི་འབྲི་འོའི་གྲོང་ཁྱེར”གྱི་ཐུན་མོང་མ་ཡིན་པའི་མིང་རྟགས་འདི་ཇེ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི(ཀན་ལྷོ)འབྲི་འོ་ཐོན་ལས་གོང་འཕེལ་གྱི་གླེང་སྟེགས་ཞེས་པའི་སྙོམས་སྟེགས་ལ་བརྟེན་ནས། སྐད་ཆ་བཤད་དབང་ཡོད་པ་དང་མཐོ་གནོན་བཙན་ས་འཛིན་པ། ཐོན་ལས་འབྲེལ་ཐག་རིང་དུ་བསྲིངས་ནས། སྐྱེ་ཁམས་ཕྱུགས་ལས་དེ་རང་ཁུལ་གྱི་གཙོ་ཁྲིད་ཐོན་ལས་དང་དམངས་ཕྱུག་ཐོན་ལས་སུ་བསྐྲུན་པར་འབད་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་རྒྱུན་ཨུ་བཀྲ་ཤིས་འཚོ་དང་དབྱང་ཝུའུ། དབྱང་ཞུང་། ཧའོ་ཅུའེ་རྨིན། དབྱང་ཅུན། ལིའུ་ཧྥུན། ཧྲི་ཡོན་ཧྥུན། ཧྲི་ཀྲན་ལིའང་། ལུའི་ཀྲེ་ཅུན་བཅས་གྲོས་ཚོགས་སུ་ཞུགས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གྲོས་ཚོགས་སུ་ཟུར་ཞུགས་བྱས།།   (མཁའ་བྱམས་ཚེ་རིང་གིས་བསྒྱུར།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།