中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིསཚོགས་ཆེན་གཅིག་དང་དུས་ཆེན་གཅིགགི་རིག་རྩལ་འཁྲབ་སྟོན་བྱ་བའི་གནས་ཚུལ་གྱི་ཆེད་དོན་ཡར་ཞུ་ལ་ཉན་པ།
དུས་ཚོད།2019-07-03 16:00:58     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར།  ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ལན་ཀྲོའུ་རུ་གྲོས་ཚོགས་བསྡུས་ཏེ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་ཡི“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་བྱ་བའི་ཐད་ཀྱི་འབྲེལ་ཡོད་ཆོག་མཆན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  “ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ་ཤམ་བྷ་ལའི་རིག་རྩལ་འཁྲབ་སྟོན་དང་།  “ཁྲི་བརྒྱ་སྟོང”“ཆུས་གསུམ་དང་ཁུལ་གསུམ”ལ་ཡུལ་སྐོར་དུ་བསྐྱོད་པའི་ཡུལ་སྐོར་སྐོར་ལམ་ཆེན་མོ་འགོ་ཚུགས་པའི་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་བྱ་བའི་གནས་ཚུལ་ཆེད་དུ་ཡར་ཞུ་བྱས་པར་ཉན།
    ཡུས་ཁྲིན་ཧུའེ་ཡིས་ཡར་ཞུ་ལ་ཉན་རྗེས།  རིག་རྩལ་འཁྲབ་སྟོན་ནི“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་གཙོ་བོ་ཞིག་ཡིན་པའི་ཆ་ནས།  ཕྱི་ཕྱོགས་ལ་ཀན་ལྷོའི་སྣང་བརྙན་འགྲེམ་སྟོན་བྱེད་པ་དང་བོད་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་མཚོན་པ།  མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མངོན་པའི་གཞི་རྟེན་གལ་ཆེན་ཞིག་ཡིན།  མིག་སྔར“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”དངོས་སུ་འགོ་ཚུགས་པར་ཉིན་མང་བོ་མེད་པས།  འཁྲབ་སྦྱོང་གི་དུས་ཡུན་ཐུང་ལ་ལས་འགན་ལྕི།  རིམ་པ་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་གཅིག་གྱུར་གྱིས་འཆར་འགོད་དང་ལག་བསྟར་ནན་མོ་བྱས་ཏེ།  འགྲན་ཟླ་བྲལ་ཞིང་ངོ་མཚར་ལྟ་ན་སྡུག་པའི་རིག་གནས་གསོལ་སྟོན་ཞིག་བསྐྲུན་དགོས་ཞེས་བསྟན།
    “ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་རིག་རྩལ་འཁྲབ་སྟོན་གྱི་འཁྲབ་སྦྱོང་བྱ་བའི་ཐད་ཡུས་ཁྲིན་ཧུའེ་ཡིས་ཀན་ལྷོར་རྐང་ཚུགས་པ་དང་ཀན་སུའུ་ལ་ཁ་ཕྱོགས་པ། མིག་རྒྱང་རིང་པོས་འཛམ་གླིང་ཡོངས་ལ་ལྟ་བར་རྒྱུན་འཁྱོངས་བྱས་ནས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་རིག་གནས་གཞི་རྒྱུ་བསྡུ་ལེན་གང་ལེགས་བྱེད་པ་དང་། “ཆུས་གསུམ་དང་ཁུལ་གསུམ”གྱི་ས་ཁོངས་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ཏེ་འཁྲབ་ཚན་གྱི་བརྗོད་བྱ་སྣ་མང་དང་། སྒྱུ་རྩལ་གྱི་རྣམ་པ་སྣ་མང་། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོང་བ་བྱས་ནས་ཀན་ལྷོ་བོད་ཁུལ་གྱི་སྒོ་དབྱེ་བསྟུན་མཁས་ཀྱི་ཉམས་འགྱུར་མངོན་པར་དོད་དགོས་ལ། བསྲི་ཚགས་དང་གྲོན་ཆུང་། དངོས་དོན་གཉེར་བ་བཅས་རྒྱུན་འཁྱོངས་བྱས་ཏེ། བསམ་བཞིན་དུ་ཚད་གཞི་མཐོན་པོ་དངོས་མི་འདོར་བ་དང་། མཐའ་གཅིག་ཏུ་རྣམ་པ་རྒྱ་ཆེན་ཁོ་ན་མི་གཉེར་བ། ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་གཙོ་གནད་ལས་འགན་སོ་སོ་ལེགས་འགྲུབ་འབྱུང་བར་གནོད་པ་མི་ཐེབས་པར། སྤྲོ་སེམས་འཁོལ་བའི་ཕན་འབྲས་མངོན་པ་དང་ཆབས་ཅིག་རྩིས་ཆ་ཞིབ་ཚགས་བརྒྱབ་ནས་དུས་ཆེན་གཉེར་བ་དང་བྱེད་སྒོ་སྤེལ་བ། དངོས་སྒྲུབ་ནུས་ཆེ་བཅས་ཀྱི་སྒོ་ནས་བྱ་བ་མཐའ་གཅིག་ཏུ་དམ་འཛིན་བྱ་དགོས། སྤུས་དག་དང་ཕུལ་བྱུང་བརྩམས་ཆོས། ཚད་ཐུབ་བཅས་རྒྱུན་འཁྱོངས་བྱས་ཏེ། ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་སྤུས་ཚད་ཇེ་བཟང་དུ་གཏོང་བ། འཚབ་འཚུབ་དང་རྗེས་འབྲང་མི་བྱེད་པར་ལེ་ཚན་སྤུས་དག་ཅན་དང་འཁྲབ་སྟོན་སྒྱུ་རྩལ་རྩེར་སོན་ཅན། འབྲེལ་མཐུད་བྱེད་སྟངས་ཞིབ་ཚགས་ཅན་བཅས་ཡོང་བར་ཧུར་ཐག་བྱས་ནས། རྒྱ་ཆེའི་ཡུལ་སྐོར་བར་བརྗེད་དཀའ་བའི་ཚོར་བ་འཇོག་ཐུབ་པ་བྱ་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་དང་། ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ  གཙོས་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲོའུ་མེ། དེ་མིན་ཁུལ་ཨུའི་ཁ་གཏད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་དང་། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ལས་བགོས་འགོ་ཁྲིད་པ་བཅས་གྲོས་ཚོགས་སུ་ཞུགས།།
            (བན་དེ་ཚེ་རིང་གིས་བསྒྱུར།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།