中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཐ་མག་གི་རོ་ཏོ་ཆུང་ཆུང་གིས་གྲོང་ཁྱེར་གྱི་སྣང་བརྙན་ལ་སྐར་མ་གཅོག་ཏུ་མ་བཅུག
དུས་ཚོད།2019-07-09 08:38:37     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     དགུང་ཨ་སྔོན་དབྱིངས་སུ་སྤྲིན་དཀར་རྒྱུ་བ་དང་སྤྲིན་དཀར་འོག་ཏུ་རྟ་ཕོ་རྒྱུག་པ། བྱ་བྱིའུ་མང་བོ་མཉམ་དུ་འཕུར་བ་འདི་ལྟ་བུའི་ཡུལ་ལྗོངས་རྣམ་པ་དེ་ཐག་རིང་དུ་སྐྱོད་མི་དགོས་པར་དབྱར་དུས་ཀན་ལྷོར་མངོན་བཞིན་ཡོད།
    ཉེ་བའི་ལོ་འགར། རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྒྲིག་གཏིང་ཟབ་བྱས་ནས“མིག་ལམ་དུ་གད་སྙིགས་མི་མཐོང་བའི”སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ཡོད། དེ་སྔའི་འབྲོག་སྡེ་དེ་ཡུལ་སྐོར་བ་རྒྱུན་ཆད་མེད་པའི་ཡུལ་སྐོར་གྲོང་ཚོར་གྱུར་པ་དང་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། གྲོང་ཁྱེར་ནང་འདུག་སྐབས་སྒེའུ་ཁུང་ཕྱེ་ན་ཡུལ་ལྗོངས་མཐོང་རྒྱུ་ཡོད་པ་དང་ཕྱི་རུ་སྐྱོད་སྐབས་སྔོ་ཞིང་དྭངས་པའི་མཁའ་རླུང་རྔུབ་ཐུབ་པས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་མོད། འོན་ཀྱང་གཙང་ཞིང་དག་པའི་རྒྱ་ལམ་དང་མི་མང་འཛོམས་སར་མི་སྐོར་ཞིག་གིས་ཀྱང་དུ་བ་འཐེན་རྗེས་ཐ་མག་གི་རོ་ཏོ་གང་བྱུང་དུ་འཕེན་པའི་གོམས་གཤིས་མི་ལེགས་པ་ཞིག་མངོན་བཞིན་ཡོད་ལ། གློག་དམར་ལྗང་ལ་སྒུག་དུས་རླངས་འཁོར་གྱི་སྒེའུ་ཁུང་ནས་ཐ་མག་གི་རོ་ཏོ་ཕྱིར་འཕེན་པ་དང་གད་སྙིགས་བླུགས་སྣོད་སྟེང་གི་ཐ་རྡུལ་བླུག་སྣོད་ནང་དུ་མི་འཇོག་པར་མཐའ་འཁོར་གྱི་ས་ངོས་སུ་ཡང་ཐ་མག་གི་རོ་ཏོས་ཁེངས་ཡོད། བྱ་སྤྱོད་དེ་དག་གིས“ཁོར་ཡུག་གསར་བརྗེའི”གྲུབ་འབྲས་ལ་ནག་ནོག་བགོས་པ་མ་ཟད་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ངན་པ་བཟོ་བཞིན་འདུག
    ནམ་སྔ་ལངས་ཕྱི་ཉལ་དང་ཆར་རླུང་ལ་མི་འཛེམ་པའི་གྲོང་ཁྱེར་གྱི་གཙང་སྦྲ་བ་སྐོར་ཞིག་གིས་སྲུང་སྐྱོང་བྱེད་བཞིན་འདུག ཁོང་ཚོས་ཉིན་ལྟར་རྒྱུན་ཆད་མེད་པར་ཐོན་པའི་གད་སྙིགས་གཙང་ཕྱགས་བྱེད་པ་དང་། ལྷག་པར་དུ་ཐ་མག་གི་རོ་ཏོ་གང་བྱུང་དུ་འཕེན་པའི་སྤྱོད་ཚུལ་ལ་དེ་བས་ཞེ་འཁོན་དྲག་པོ་བྱེད་ཀྱི་ཡོད། མི་ལ་ལས་ཐ་མག་གི་རོ་ཏོས་སྔོ་ལྗང་ཁུལ་དུ་འཕེན་ཏེ་གཙང་སྤྲ་བྱེད་མཁན་ལ་སྟབས་མི་བདེ་བ་བཟོས་པས། སྔོ་ལྗང་ཁུལ་ནི་རྩྭ་དང་མེ་ཏོག་འདེབས་འཛུགས་བྱེད་ས་དང་། ཁོར་ཡུག་མཛེས་བཟོ། མཛེས་ལྗོངས་ལ་ལྟ་བ་བཅས་ཀྱི་གནས་ཡུལ་ཞིག་ཡིན་ཞིང་། ཐ་མག་འཐེན་མཁན་གྱིས་གནས་ཡུལ་འདི“བེད་སྤྱོད་གང་ལེགས་བྱས་ནས”ཐ་མག་བླུག་སྣོད་ཆེ་གྲས་སུ་གྱུར་ཏེ། མི་རྣམས་ཀྱིས་ཡུལ་ལྗོངས་ལ་ལྟ་བའི་སེམས་ཁམས་ཇེ་ཞན་དུ་བཏང་།
    “ཚོང་ཁྲོམ་ཆུང་བ་དང་མིག་མངས་རྩེ་ས་སོགས་མི་སྣ་འདུ་འཛོམས་ཆེ་བའི་གནས་ཡུལ་དང་། གད་སྙིགས་བླུགས་སྒམ་གྱི་མཐའ་འཁོར་དང་སྡོང་བོའི་རྩ་བར་ཐ་མག་གི་རོ་ཏོ་ཅུང་མང་བའི་གནས་སུ་གྱུར།” ཁོར་ཡུག་གཙང་སྦྲ་བ་ཚེ་རིང་ལྷ་མོ་ཡིས་གད་སྙིགས་བླུག་སྣོད་སྟེང་གི་དུ་ཐལ་བླུག་སྣོད་ལ་མཛུབ་མོ་འཛུགས་བཞིན་དུ“བར་ཐག་སྨི 50ལ་ཡོད་པའི་གད་སྙིགས་བླུག་སྣོད་རེ་རེའི་སྟེང་དུ་ཐ་རྡུལ་བླུག་སྣོད་ཡོད་མོད། འོན་ཀྱང་ཐ་མག་གི་རོ་ཏོ་བཞག་མཁན་ཧ་ཅང་ཉུང་བ་མ་ཟད་མི་ལ་ལས་གོམ་པ་ཁ་ཤས་འགྲོ་འདོད་མེད་པར་ཐ་མག་འཐེན་ཚར་རྗེས་གང་འདོད་དུ་གཡུག་གྱིན་འདུག་ཅེས་གསར་འགོད་པར་དེ་ལྟར་བཤད།
    སྡོམ་རྩིས་བྱས་པར་གཞིགས་ན། ཁོར་ཡུག་གཙང་སྦྲ་བས་ཉིན་ལྟར་བསྒྲུགས་པའི་གད་སྙིགས་ནང་ཐ་མག་གིས་བཟུང་བའི་བསྡུར་ཚད་ཆེ་ཤོས་ཡིན་ལ། གང་བྱུང་དུ་གཡུག་པའི་ཐ་མག་གི་རོ་ཏོ་དེ་དག་གཙང་སྦྲ་བྱེད་མཁན་གྱིས་མགོ་བསྒུར་ནས་སྒྲུག་བཞིན་འདུག གྲོང་ཁྱེར་གྱི་ཤེས་དཔལ་དྭངས་གཙང་ཡོང་བ་བྱེད་པར་ཚང་མས་སྲུང་སྐྱོང་ལྷོད་མེད་བྱ་རྒྱུ། ཉེ་ཆར། གཙོས་གྲོང་ཁྱེར་གྱིས་གྲོང་མིའི་ཤེས་དཔལ་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང། བྱ་བའི་བསམ་ཕྱོགས་གསར་གཏོད། “ཐ་མག་གི་རོ་ཏོ་གསར་བརྗེ”ཚོད་ལྟ་ལག་བསྟར་བྱེད་པ་དང་། དམངས་ཡོངས་ཀྱིས་ཐ་མག་གཏན་འགོག་བྱེད་པའི་དྲིལ་བསྒྲགས་ལ་ཤུགས་སྣོན་པ། རྒྱ་མ་རེར་སྒོར 50ཡི་རིན་གོང་ལྟར་ཁོར་ཡུག་གཙང་སྦྲ་བའི་ཐ་མག་རོ་ཏོ་ཚུར་བསྡུས་ཏེ་གྲོང་མི་ཚོར་སེམས་འགུལ་ཐེབས་སུ་བཅུག་པ་དང་ཐ་མག་གི་རོ་ཏོ་གང་བྱུང་དུ་གཡུག་པའི་མིར་བཀག་སྡོམ་བྱེད་དུ་བཅུག
    གཙོས་གྲོང་ཁྱེར་ནི་ཀན་ལྷོའི “མགྲོན་བསུ་ཁང”ཡིན་ཞིང་ད་ལོའི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གནས་འདིར་གཟབ་རྒྱས་ངང་ཚོགས་འགོ་ཚུགས་རྒྱུ་ཡིན་པས། “ཁོར་ཡུག་གསར་བརྗེའི”ཕན་ནུས་ཇི་ལྟར་ཆེ་རུ་བཏང་ནས་ས་མཐོའི་གྲོང་ཁྱེར་ལ་རྩྭ་ཐང་གི་ཡིད་དབང་འཕྲོག་ཤུགས་དེ་བས་མངོན་གསལ་དོད་དུ་བཏང་སྟེ། གྲོང་མི་ཞིག་ཡིན་པའི་ངོས་ནས་སུས་དུ་སྣེ་གཅིག་ས་ལ་མི་འཕེན་པ་དང་མི་དོར་བ་ནི་སྤྱོད་བཟང་ཞིག་ཡིན་པ་དང་། ཐ་མག་གི་རོ་ཏོ་འཐུ་བ་ནི་སྤྲོ་སྣང་ཞིག་རེད། གྲོང་ཁྱེར་གྱི་ཁོར་ཡུག་ལ་བདག་གཅེས་བྱེད་རོགས་དང་ཁོར་ཡུག་གཙང་སྦྲ་བའི་ངལ་རྩོལ་གྲུབ་འབྲས་ལ་གཅེས་སྤྲས་བྱེད་པ། “ཐ་མག་གི་རོ་ཏོ་ཆུང་ཆུང་ལ་སྐྱོན་ཆེན་པོ་མེད་པའི”བྱེད་སྟངས་བསྒྱུར་ཏེ་ཐ་མག་གི་རོ་ཏོའི་མེ་བསད་རྗེས་གད་སྙིགས་བླུག་སྣོད་ནང་དུ་འཇོག་དགོས། དེ་དང་ཆབས་ཅིག་ཐ་མག་གི་རོ་ཏོ་གང་བྱུང་དུ་འཕེན་མི་རུང་བ་དང་ཐ་མག་གི་རོ་ཏོ་ཆུང་ཆུང་དེ་གྲོང་ཁྱེར་གྱི“རྨ་ཤུལ”དུ་འགྱུར་མི་ཉན།།
   (གསར་འགོད་པ་དབྱིན་ཅུས་མེ་དང་ཧྲི་ཀྲི་ཨན་གྱིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།