中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་རེའི་ཞིང་ཆེན་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ།
དུས་ཚོད།2019-07-09 08:40:31     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉེ་ཆར་ཀན་སུའུ་ཞིང་ཆེན་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཐེངས་བཅུ་དྲུག་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཀན་སུའུ་ཡི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་གོམ་སྟབས་རྗེས་མའི་གཙོ་གནད་བྱ་བ་བརྡ་ཁྱབ་བཏང་།
    ཞིང་ཆེན་ནག་སེལ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྒོས་སྤེལ་བ་མ་ཟད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཀྱང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་མཛུབ་སྟོན་བྱས་པར་གཞིགས་ནས་ཀན་སུའུ་ཡི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གྱི་བྱ་བ་དང་ཀྲུང་དབྱང་གི་བླང་བྱ་ལ་ངོས་འཛིན་ཟབ་མོ་ཡོད་པར་གྱུར། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་བར་ཁྱད་ངེས་ཅན་ཞིག་ཡོད་པས། རྗེས་ཕྱོགས་སུ“ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་གཞིའི་སློབ་གསོ་དང་སྦྲེལ་ནས་ཐེངས་འདིའི་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་ཞིབ་ཚན་ཆུང 19བས་ལྟ་ཞིབ་བྱས་པའི་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་། བྱ་བའི་ཐབས་ཇུས་ལ་ཤུགས་སྣོན་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།
    ཕྱོགས་ཡོངས་ནས་བྱ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ད་ལོའི“ཟབ་སྔོག་རྩ་བཅོས”མངོན་འགྱུར་བྱས་ཏེ་སང་ལོའི“ཡུན་རིང་ཕན་སྐྱོང”གི་དམིགས་ཚད་མངོན་འགྱུར་ཡོང་བར་ལྟ་སྐུལ་དཔྱད་ཞིབ་བྱེད་པར་ཤུགས་སྣོན་པ་དང་། བདེ་འཇགས་ཀན་སུའུ་འཛུགས་སྐྲུན་གྱི་འགན་འཁྲི་སྔར་བས་འཐུས་ཚང་དུ་གཏོང་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་བའི་རྣམ་པ་བཟང་བོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲི་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་དང་ལས་རིགས་མ་ལག་བཅས་སུ་དོན་འཁྱོལ་ཐུབ་པ་བཅས་བྱས་ནས་ནག་སེལ་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་སུ་འཇུག་དགོས།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།