中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལིན་ཏུའོ་ཡིས་ཏིང་ཞི་དང་ཀན་ལྷོའི་ཏང་ཡོན་རྒན་པར་འཚམས་འདྲི་དང་རྟོག་ཞིབ་བྱེད་སྐབས་སུ། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམངས་ཕྱུག་ཡུལ
དུས་ཚོད།2019-07-09 08:42:48     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 30ཉིན་ནས་ཟླ 7པའི་ཚེས 1ཉིན་གྱི་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་ཡིས་ཏིང་ཞི་གྲོང་ཁྱེར་དང་ཀན་ལྷོ་ཁུལ་གྱི་ཏང་ཡོན་རྒན་པར་འཚམས་འདྲི་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཁང་གི་བརྗོད་དོན་གཙོ་བོའི་སློབ་གསོ་བཀོད་སྒྲིག་གཞིར་བཟུང་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་རྗེས། དབུལ་ཐར་མཁྲེགས་གཏོར་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་ཉེན་ཁ་འགོག་ཟོན་དང་སེལ་ཐབས། གནད་ཁེལ་དབུལ་ཐར། སྦགས་བཙོག་འགོག་བཅོས་བཅས་ཀྱི་མཁྲེགས་གཏོར་འཐབ་མོ་ཡག་པོ་རྒྱག་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་བ་འཛུགས་སྐྲུན་དང་དམངས་ཕྱུག་ཡུལ་དར་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་བྱས་བརྗེ་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།
    བོད་ཁུལ་ཇི་ལྟར་གཏན་འཇགས་ངང་དབུལ་ཐར་བྱེད་པ་དེ་ལིན་ཏུའོ་ཡིས་སེམས་ཁུར་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་ལ། རྟོག་ཞིབ་བྱེད་སྐབས་སྔ་རྗེས་སུ་ལིན་ཐན་རྫོང་གི་ཞིན་ཁྲིན་གྲོང་རྡལ་ཕར་ཀ་ཐང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཧྥུན་ཞའོ་རྨིན་ཚང་དང་ཧྥུན་ཞི་ཕིང་ཚང་། ཁ་ཤོ་སྒང་སྡེ་བའི་ལི་ཅིན་ཡོན་ཚང་། དབུལ་ཕོངས་ཁྱིམ་ཚང་ལི་ཡུང་ལུང་ཚང་། བསང་ཆུ་རྫོང་གི་ལུང་ལེབ་སྡེ་བའི་རྡོ་རྗེ་ཚང་བཅས་ལ་སོང་ནས་ཁང་རྙིང་བསྒྱུར་བཀོད་བྱེད་པའི་གནས་ཚུལ་་དང་སྨན་བསྟེན། སློབ་གྲྭར་འགྲོ་བ། བདེ་འཇགས་འཐུང་ཆུ་སོགས་ཀྱི་གནས་ཚུལ་བཅར་འདྲི་བྱས།
    ལིན་ཏུའོ་ཡིས་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་གཞི་རིམ་གྱི་ལས་བྱེད་པ་དག་ལ་འཚམས་འདྲི་བྱས་པ་མ་ཟད་དགོན་པའི་དོ་དམ་དང་གཏན་འཇགས་སྲུང་སྐྱོང་། ནག་སེལ་གཤེད་བཅོམ་སོགས་ཀྱི་བྱ་བར་རྒྱུས་ལོན་བྱས་རྗེས། ཁོས་གཏན་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཏུ་བཟུང་ནས་གཞི་རིམ་རྩ་འཛུགས་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་། འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་སྣེ་ཁྲིད་དེ་ཏང་གི་ཁར་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་གསར་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
    ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཅ་དབྱི་ཡིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།