中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལན་ཀྲོའུ་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཐེངས་ཉེར་ལྔ་བ་ཚོགས་འགོ་ཚུགས་པ།
དུས་ཚོད།2019-07-11 09:54:02     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 4ཉིན་ལ། དུན་ཡུན་ཉིན 5ཡིན་པའི་ཀྲུང་གོའི་ལན་ཀྲོའུ་མ་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཐེངས་ཉེར་ལྔ་བ་ཚོགས་འགོ་ཚུགས།
    ཁུལ་གྱི་འགོ་ཁྲིད་པ་ཀྲའོ་ལིན་ཡུན་དང་ཧོ་མོའུ་པའོ། ཡོན་ཞིན་ཧོ། དབྱང་ཅན་གོ  དབྱང་ཞའོ་ནན་སོགས་ཀྱིས་ཀན་ལྷོའི་འགྲེམ་སྟོན་ཁང་དུ་སྐོར་ཞིབ་བྱས་པ་མ་ཟད། ཁེ་ལས་ཀྱི་འགན་ཁུར་བ་དང་བསམ་བློ་བརྗེ་རེས་བྱས་པ་དང་། ཁེ་ལས་འགྲེམ་སྟོན་དུ་ཞུགས་པ་དང་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་བྱས།
    ཐེངས་འདིའི་ལན་ཀྲོའུ་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་པའི་ཁེ་ལས་རུ་ཀན་སུའུ་ཨ་མདོ་མ་འཇོག་ཚོགས་པ་དང་ཧྭ་ལིན་འོ་རྫས་མ་རྐང་ཚད་ཡོད་ཀུང་སི་ཡོད། འགྲེམ་སྟོན་ཁང་དུ“ཨ་མདོ་ཕྱུགས་རའི”ནོར་ལུག་གི་ཤ་ལས་སྣོན་ཐོན་རྫས་དང་། ཧྭ་ལིན་ཚོགས་པའི་ཞོ་སྤྲི་དང་དེ་མིན་ཕྱུར་སྤྲི་ལིན་སྐྱུར་ཐིད་ཚན་བསྟར་ཐོན་རྫས་ཡོད་པ་ལས་གཞན། ད་དུང་ཁུལ་ཡོངས་ཀྱི་རྫོང་སོ་སོ་དང་གྲོང་ཁྱེར་ནས་ཐོན་པའི་ཕོ་སིལ་ཤ་མོ་དང་གྲོ་མ། ཤ་བསྙལ་མ་སོགས་ལྗང་མདོག་ཐོན་རྫས་དང་འབྲུ་སྣུམ་ཐོན་རྫས་ཀྱང་འགྲེམ་སྟོན་བྱས་ཡོད།
    ཐེངས་འདིའི་ལན་ཀྲོའུ་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཁེ་ལས་ལ་བཙུགས་པའི་དྲིལ་བསྒྲགས་སྟེགས་བུ་ལེགས་པར་སྤྱོད་ཆེད། སྲིད་གཞུང་གི་སྣེ་ཁྲིད་རོགས་རམ་འོག་འགྲེམ་ཞུགས་ཁེ་ལས་གཉིས་སྔ་མོར་འགྲེམ་སྟོན་བྱེད་སར་སོང་ནས། འགྲེམ་སྟོན་བྱེད་ས་དང་འགྲེམ་ཞུགས་ཐོན་རྫས་ལེགས་འདེམས་བྱས་པ་དང་། དུས་འགོའི་གྲ་སྒྲིག་བྱ་བ་བཟང་བོ་བསྒྲུབས། ཐེངས་འདིར་འགྲེམ་སྟོན་བྱས་པའི་ཚོང་རྫས་ལས་ལས་སྣོན་བྱས་ཟིན་པའི་སྐམས་ཤ་དང་ལུག་ཤའི་རིགས་ཀྱི་ཐོན་རྫས་དང་། འོ་ཕྱེ་རིགས་ལ་སྐུ་མགྲོན་དང་འཛད་སྤྱོད་པས་དགའ་བོ་བྱེད་ཀྱིན་འདུག
     འབྲུག་ཆུ་རྫོང་གི་འགྲེམ་ཞུགས་ཁེ་ལས་ཀྱི་འགན་ཁུར་བ་ཞུའེ་ཏའེ་ཧྭ་ཡིས་གསར་འགོད་པར་ལན་ཀྲོའུ་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་བརྒྱུད་དེ་རྒྱལ་ཡོངས་ཀྱི་འགྲེམ་ཚོང་བ་དང་།  རྒྱ་ཆེའི་འཛད་སྤྱོད་པར་ཁེ་ལས་ཀྱི་སྤྱི་ཡོངས་ཀྱི་སྣང་བརྙན་དང་ཐོན་རྫས་ཀྱི་ལེགས་ཆ་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།