中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁྲིམས་འཛིན་ལག་ལེན་གྱི་བགྲོ་གླེང་ཚོགས་འདུ་འབྲུག་ཆུ་རྫོང་དུ་ཚོགས་པ།
དུས་ཚོད།2019-07-11 09:55:19     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཁང་མི་རིགས་བཅའ་ཁྲིམས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ནུབ་བྱང་མི་རིགས་སློབ་ཆེན་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁྲིམས་འཛིན་ལག་ལེན་གྱི་བགྲོ་གླེང་ཚོགས་འདུ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུའི་མི་རིགས་ཁྲིམས་དཔོན་གསོ་སྦྱོང་གཞི་ས་རུ་ཚོགས་ཤིང་། མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་འདེད་གཏོང་བ་དང་། མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་ཡོང་བར་འགན་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབྱུང་བར་གོམ་པ་གསར་བ་སྤོས།
    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ། ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཁང་མི་རིགས་བཅའ་ཁྲིམས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའང་མིང་ཡོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་འགོ་གཙོ་གཞོན་པ་ཁྲིན་ཐེན་ཞུང་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་པའེ་རི་ཞ་ཡིས་ཤིས་ཚིག་ཕུལ།
    ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན། ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཁང་མི་རིགས་བཅའ་ཁྲིམས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་སུན་ཝེ་ཡིས་ཚོགས་འདུའི་གཙོ་འགན་ཁུར།
    གྲོས་ཚོགས་ཀྱིས་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁྲིམས་འཛིན་ལག་ལེན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་ནི་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ནུས་ལྡན་འཆང་གཟུང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁ་ཕྱོགས་འགན་ལེན་དང་། ཁྲིམས་ལྟར་སྲུང་སྐྱོང་དང་འདྲ་མཉམ་འགན་སྲུང་། མཐུན་སྒྲིལ། རོགས་རམ། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་མི་རིགས་འབྲེལ་བ་ཆགས་དགོས་ལ། མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་སྔར་ལས་ལྷག་པའི་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་མཁོ་སྤྲོད་བྱ་དགོས། རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། མི་རིགས་བཅའ་ཁྲིམས་རིག་གནས་འཕེལ་རྒྱས་ཡོང་བར་ཧུར་བརྩོན་བྱས་ནས། གྲངས་ཉུང་མི་རིགས་ཀྱི་ཤུལ་བཞག་རིག་གནས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་ཤིང་། འགལ་འདུའི་ཕུང་བོ་སྣ་མང་ཅན་སེལ་བའི་ལམ་སྲོལ་འཛུགས་པ་དང་། མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དང་ལྟ་སྐུལ་རྐྱེན་སྲོལ་སོགས་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་བྱས་ཏེ། མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་འཛུགས་སྐྲུན་དང་ཁྲིམས་འཛིན་ལག་ལེན་བྱེད་པར་གཞུང་ལུགས་ཀྱི་མཛུབ་སྟོན་དང་རིག་པའི་འདེགས་སྐྱོར་མཁོ་སྤྲོད་བྱ་དགོས། བདེན་སྲུང་གསར་གཏོད་འབུར་དུ་ཐོན་པར་བྱས་ནས། འདོར་ལེན་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས་ཤིང་། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཁྱད་པར་ཅན་སྤེལ་བ་དང་གནད་ཁེལ་གྱིས་བརྟག་དཔྱད་ཞིབ་འཇུག་བྱ་དགོས། རྒྱལ་ནང་གི་འབྲེལ་ཡོད་མཐོ་རིམ་སློབ་གྲྭ་ཁག་དང་རིག་གཞུང་ཚོགས་པའི་བར་རྒྱ་ཁྱབ་ཏུ་རིག་གཞུང་མནའ་འབྲེལ་བཙུགས་ནས། མི་རིགས་ཁྲིམས་ལུགས་རིག་པའི་རིག་གཞུང་སྤེལ་རེས་བྱེད་པ་དང་། མི་རིགས་ཁྲིམས་ལུགས་ཞིབ་འཇུག་བྱེད་པའི་མིག་རྒྱང་ཇེ་རིང་དུ་བཏང་སྟེ། མི་རིགས་ཁྲིམས་ལུགས་རིག་པའི་ཞིབ་འཇུག་ལས་དོན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ལ། སྐད་གཉིས་གསོ་སྦྱོང་གཞི་ས་དང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁྲིམས་ལུགས་བསླབ་གཞི་འབྲི་བར་སྔར་ལས་ཤུགས་བསྣན་ནས་སྤྱིའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ཆེས་གསར་བའི་ཁྲིམས་འཛིན་གཞུང་ལུགས་དང་མི་རིགས་ཁྲིམས་ལུགས་ཞིབ་འཇུག་ཟུང་འབྲེལ་བྱས་ནས། གཞུང་ལུགས་ཀྱི་ཆུ་ཚད་མཐོ་ཞིང་ལག་ལེན་གྱི་ནུས་པ་མཐོ་བའི་སྐད་གཉིས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།།
               (མཁའ་བྱམས་ཚེ་རིང་གིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།