中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཚོགས་ཆེན་གཅིག་དང་དུས་ཆེན་གཅིགགི་ཀན་ལྷོ་ཁུལ་གྱི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་ཚོགས་པ།
དུས་ཚོད།2019-07-11 09:56:28     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 2ཉིན་ལ། “ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་ཀན་ལྷོ་ཁུལ་གྱི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་གཙོས་སུ་ཚོགས་ཏེ། ཉེ་བའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
    ཁུལ་གྱི་འགོ་ཁྲིད་པ་ཞུས་ཆང་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ།  ལིའུ་ཧྥུན།  ཧྲི་ཀྲན་ལིའང་།  ཝང་ཧྲང་ཞུའེ།  དབྱང་ཅན་གོ  དབྱང་ཀྲི་ཚའེ།  ལིའུ་ཡུང་ཀོ  ཝང་ཅན་ཅུན།  ཝང་ཧྥང་བཅས་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་ཀྱིས་ཡིག་ཐོག་ནས“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་ཞིང་ཆེན་ལག་བསྟར་ཨུའི་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་། “ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་གྲ་སྒྲིག་བྱ་བའི་ཁྲོད་ཚན་ཆུང་སོ་སོས་བཏོན་པའི་གནད་དོན་ལ་ལན་འདེབས་པའི་བརྡ་ཐོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་གྲ་སྒྲིག་བྱ་བ་སྤེལ་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། གླེང་སྟེགས་བྱ་འགུལ་ཚན་ཆུང་དང་འགྲེམ་སྟོན་འགྲེམ་ཚོགས་ཚན་ཆུང་། རིག་རྩལ་འཁྲབ་སྟོན་ཚན་ཆུང་སོགས་ཀྱིས་བྱ་བ་སྤེལ་ཚུལ་གྱི་ཡར་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ཆེད་དོན་བྱ་བའི་ཚན་ཆུང་དང་གཙོས་གྲོང་ཁྱེར་གྱིས་ཡར་ཕུལ་བའི་གྲོས་གཞི་ལ་ཞིབ་བཤེར་གཏན་འབེབས་བྱས།
    ཀྲའོ་ལིན་ཡུན་གྱིས་ལངས་གནས་ཇེ་མཐོར་བཏང་ནས་གྲ་སྒྲིག་བྱ་བ་ནན་འཛིན་བྱེད་པ་དང་། སྔར་ལས་ལྷག་པར“འདུ་ཤེས་བཞི”སྦྲེལ་མཐུད་དམ་པོ་དང་གལ་ཆེའི་དོན་ཚན་དོན་འཁྱོལ་ནན་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གྲ་སྒྲིག་བྱ་བ་དེ“གཞུང་སྒྲུབ་ཁང་གཅིག་དང་ཚན་ཆུང་བཅུ་གསུམ”གྱི་ནུས་པ་དང་སྤྱོད་ཚུལ།  ཕན་འབྲས་བཅས་ཀྱི་གཅིག་བསྡུས་ཉམས་ལེན་ཞིག་ཏུ་བརྩིས་ནས།  ལས་དུས་འཕར་སྣོན་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་བྱ་བ་ལེགས་པར་བསྒྲུབ་དགོས་ལ།  ཕྱོགས་བསྡུས་ལྟ་ཞིབ་ཚན་ཆུང་དང་ཁོར་ཡུག་སྒྲིག་བཅོས་ཚན་ཆུང་གིས་མཉམ་དུ་ས་ཁོངས་དང་ལམ་ཐིག་གལ་ཆེན་ལ་དམ་པོར་དམིགས་ཏེ།  ཁོར་ཡུག་སྒྲིག་བཅོས་དང་མཛེས་ཤིང་གསལ་བ།  བསྒྱུར་བཀོད་མཐོར་འདེགས་དང་སྣེ་ལེན་ཞབས་ཞུ་སོགས་གཙོ་གནད་བྱ་བའི་འགན་འཁྲི་ལ་སྐུལ་འདེད་གཏོང་བ་དང་།  ཆེད་དོན་བྱ་བའི་ཚན་ཆུང་ཁག་གི་བྱ་བའི་ཞན་ཆར་ཁ་གསབ་བྱས་ནས“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”བདེ་བླག་ངང་སྤེལ་བར་ནུས་པ་ཅི་ཡོད་འདོན་དགོས།  གཙོས་གྲོང་ཁྱེར་འགྲེམ་སྟོན་བྱེད་སར་ཞུགས་ཏེ་བྱ་བར་དམ་འཛིན་བྱེད་པ་དང་།  འགྲེམ་སྟོན་བྱ་བ་སྦྲེལ་མཐུད་དང་རང་ཁུལ་གྱི་ཁྱད་ཆོས་མངོན་པར་བྱས་ནས།  “ཚོན་མདོག་རྣམ་པར་བཀྲ་བའི་ཀན་ལྷོའི་གཙོས་གྲོང་ཁྱེར”གྱི་སྣང་བརྙན་བསྐྲུན་དགོས་ཤིང་།  སྤུས་འབོར་གཉིས་ལྡན་གྱིས་གྲ་སྒྲིག་བྱ་བའི་ལས་འགན་ལེགས་འགྲུབ་འབྱུང་བ་དང་།  “ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”ལེགས་པར་འགྲུབ་པ་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།།
         (བན་དེ་ཚེ་རིང་གིས་བསྒྱུར།)
 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།