中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོ་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་ལས་གཞིར་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་བ།
དུས་ཚོད།2019-07-12 15:46:25     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཀན་ལྷོ་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་ལས་གཞིར་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོ་ལན་ཀྲོའུ་ནས་སྤེལ་ཏེ། རང་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི 48ལ་གན་རྒྱ་བཞག་པ་དང་། གན་རྒྱ་བཞག་པར་སྤྱིའི་མ་དངུལ་སྒོར་དུང་ཕྱུར 39.76ལ་བསླེབས། དེས་ཀན་ལྷོ་ཁུལ་གྱི་མ་དངུལ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ་དང་། ཚོང་འགུག་དངུལ་འདྲེན་གྱི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་ཐོན་པ་མཚོན།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད།
    ཞིང་ཆེན་དཔལ་འབྱོར་མཉམ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲིན་ཞུའེ་ཡན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས་གན་རྒྱ་འཇོག་པའི་མཛད་སྒོའི་གཙོ་འགན་ཁུར།
    ཁུལ་གྱི་འགོ་ཁྲིད་པ་ཡོན་ཞིན་ཧོ་དང་དབྱང་ཅན་གོ རིན་ཆེན་དོན་གྲུབ། དབྱང་ཞའོ་ནན་སོགས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།
    ཀྲའོ་ལིན་ཡུན་གྱིས་ཐེངས་འདིའི་ཆེད་དོན་གན་རྒྱ་འཇོག་པའི་ལས་གཞིའི་ལག་བསྟར་གྱིས་ཀན་ལྷོ་ཁུལ་གྱི་ཐོན་ལས་གཙོ་བོའི་གསོ་སྐྱོང་དང་བབ་བཟང་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན་ནས་ཀན་ལྷོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཤུགས་འདོན་དགོས་ལ། རྗེས་འདེད་མཐུན་སྦྱོར་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ། ཁུལ་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་པའི་རྨང་གཞིའི་ཐོག་ཚོང་འགུག་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་ལས་གཞི་དོན་ཐོག་ཏུ་ཕབ་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་འདོན་སྤེལ་བྱ་དགོས་ཞེས་བཤད།
    ཐེངས་འདིར་གན་རྒྱ་བཞག་པའི་ལས་གཞི 48ཁྲོད་རིག་གནས་ཡུལ་སྐོར་གསར་སྤེལ་གྱི་ལས་གཞི 16ཡོད་པར་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར 13.05ཡིན་པ་དང་། ཞིང་ཕྱུགས་ཐོན་ལས་ཅན་གྱི་ལས་གཞི 12ལ་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར 6.73ཡིན་ལ། ས་ཁང་བདག་ཁོངས་གསར་སྤེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི 14ལ་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར 15.44ཡིན། བཟོ་ལས་ཐོན་སྐྱེད་ཀྱི་ལས་གཞི 6ལ་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར 4.5ཡིན།
    ཁུལ་ཡོངས་ཀྱི་རྫོང་སོ་སོ་དང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོ་དང་ལས་བགོས་འགོ་ཁྲིད་པ།  རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཁེ་ལས་འཐུས་ཚབ་པ།  ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོའི་འབྲེལ་ཡོད་འགན་ཁུར་བ་དག་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།