中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སུང་ལིའང་སོགས་ཞིང་ཆེན་གྱི་འགོ་ཁྲིད་པ་རང་ཁུལ་དུ་ཡོང་ནས“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་གྲ་སྒྲིག་བྱ་བ་སྤེལ་ཚུལ་ལ་རྟོག་ཞིབ་བྱས་པ།
དུས་ཚོད།2019-07-12 15:47:09     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 8ཉིན་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ། “ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་ལག་བསྟར་ཨུའི་ཀྲུའུ་རེན་སུང་ལིའང་དང་ཧྲིན་ཀྲང་གཞོན་པའམ་ལག་བསྟར་ཨུའི་ཀྲུའུ་རེན་གཞོན་པ་ཧོ་ཝེ། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་། ཞིང་ཆེན་རིག་གནས་དངོས་མང་བཤམས་སྟོན་ཅུས་ཀྱི་ཅུས་ཀྲང་ཁྲིན་ཝེ་ཀྲུང་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་གྲ་སྒྲིག་བྱ་བ་སྤེལ་ཚུལ་ལ་རྟོག་ཞིབ་བྱས།
    ཁུལ་གྱི་འགོ་ཁྲིད་པ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།
    སུང་ལིའང་འཁོར་དང་བཅས་པ་སྔ་གཞུག་ཏུ་གཡག་གསོལ་མགྲོན་ཁང་དང་ཀན་ལྷོ་ཁུལ་རིག་གནས་ཡུལ་སྐོར་ཚོགས་བཤམས་ལྟེ་གནས། ཀན་ལྷོའི་ཟློས་གར་ཚོམས་ཆེན་སོགས་སུ་སོང་ནས་ཚོགས་བཤམས་ལྟེ་གནས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ཁང་དང་། བཤམས་སྟོན་ཁང་། བདེ་སྲུང་ལྟེ་གནས་སོགས་ལ་ལྟ་ཞིབ་བྱས་ཤིང་། བརྗོད་དོན་གཙོ་བོའི་བྱ་འགུལ་གྱི་བཀོད་སྒྲིག་དང་སྐུ་མགྲོན་གཙོ་བོ་སྣེ་ལེན་དང་ཚོགས་དོན་ཞབས་ཞུ། འགོ་ཚུགས་མཛད་སྒོ། བདེ་འཇགས་སྲུང་སྐྱོང་སོགས་བྱ་བ་ཁག་གི་བཀོད་སྒྲིག་སྤེལ་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། གནས་པའི་གནད་དོན་དང་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་ཐད་བླང་བྱ་བཏོན།
    ཉིན་དེའི་དགོང་མོར་སུང་ལིའང་གིས་གཙོ་འགན་ཁུར་ནས“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ་མ་ཟད། འགོ་ཚུགས་མཛད་སྒོའི་བྱ་འགུལ་བཀོད་སྒྲིག་དང་སྐུ་མགྲོན་སྣེ་ལེན། འགོ་ཁྲིད་ཐུག་འཕྲད་སོགས་གཙོ་གནད་བྱ་འགུལ་གྱི་ཇུས་གཞི་དང་བྱ་བའི་ཇུས་གཞི་ཁག་ཅིག་ལ་ཉན་རྗེས་གྲོས་ཞིབ་བྱས་ཤིང་། སྐུ་མགྲོན་གདན་འདྲེན་སོགས་ཀྱི་བྱ་བ་གལ་ཆེན་དག་གི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པར་ཉན།
    ཡར་ཞུ་བྱས་པར་ཉན་རྗེས། སུང་ལིའང་གིས་ཀན་ལྷོ་ཁུལ་གྱི་ཚོགས་རའི་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཕྱོགས་ལ་འབད་པ་བྱས་ནས་བླངས་པའི་གྲུབ་འབྲས་ལ་ཁག་ཐེག་བྱས་པ་མ་ཟད། “ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”ཚོགས་ལ་ཉེ་བའི་སྐབས་འདིར་ལས་སྟེགས་སོ་སོའི་སྤུས་ཚད་ཁག་ཐེག་བྱ་དགོས་པ་མ་ཟད་དུས་ལྟར་ལེགས་འགྲུབ་བྱ་དགོས། རྗེས་ཀྱི་སྒྲིག་བཟོ་བྱ་བའི་ཁྲོད“ཚོགས་ཆེན་གཅིག་དང་དུས་ཆེན་གཅིག”གི་སྤྱི་ཡོངས་ཀྱི་བྱ་བའི་རིག་ལམ་གསར་བོར་མངོན་ནས། ལས་སྟེགས་ཀྱི་རིག་གནས་བྱེད་ནུས་དང་བེད་སྤྱོད་རིན་ཐང་མངོན་དགོས་ལ། ཚོགས་ཆེན་དང་དུས་ཆེན་སྐབས་སུ་རྒྱུན་ལྡན་ངང་བེད་སྤྱོད་ཐུབ་པ་དང་རྗེས་ཕྱོགས་སུ་རྒྱུན་ལྡན་ངང་སྐྱེལ་འདྲེན་ཐུབ་པར་རྨང་གཞི་བརྟན་པོ་འདིང་དགོས་ཤིང་། ཞིང་ཆེན་དང་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཚན་གྱིས་རྨང་གཞི་འགན་སྲུང་དང་ཞབས་ཞུའི་བྱ་བ་འབྲེལ་མཐུད་དང་བརྗེ་རེས་ལེགས་པོར་བྱས་ནས་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། བྱ་བའི་བརྒྱུད་རིམ་ཞིབ་ཕྲ་རུ་བཏང་ནས་འགོ་ཚུགས་མཛད་སྒོ་དང་གླེང་སྟེགས་སོགས་ཀྱི་བྱ་བར་གྲ་སྒྲིག་ལེགས་པོར་བྱ་དགོས་ཞེས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།