中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། "ཚོགས་འདུ་གཅིག་དང་དུས་ཆེན་གཅིག"གི་མི་རིགས་ཁྱད་ལྡན་ཟས་མཆོག་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།
དུས་ཚོད།2019-07-31 02:34:45     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   ཟླ7ཚེས29ཉིན་གྱི་ཕྱི་དྲོར་གཙོས་གྲོང་ཁྱེར་དུང་ཕྲུག་ཁྲོམ་གཞུང་བརྒྱུད་ཀྱི་ཨ་མདོ་གྲོང་རྡལ་ཆུང་ངུར་ཟས་རིགས་སྣ་ཚོགས་ཀྱི་དྲི་ཞིམ་འཐུལ་ཞིང་། མི་ཚོགས་ཀྱི་འདུ་འཛིའི་འཁྲུག་ཆ་དོད། “དར་གོས་ཚོང་ལམ་གྱི་རིག་གནས་དར་སྤེལ་དང་ཁྱད་ལྡན་རོལ་མཆོག་གསོལ་ཟས་ལ་རོལ་མྱོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དར་གོས་ཚོང་ལམ(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་། སྐབས་དགུ་བའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན། མི་རིགས་ཀྱི་ཁྱད་ལྡན་ཟས་མཆོག་དུས་ཆེན་སོགས་ཀྱི་མཛད་སྒོ་སྤེལ་འགོ་བརྩམས་ཏེ། ཡུལ་འདིའི་སྡོད་དམངས་དང་ཡུལ་སྐོར་བར་རོལ་མཆོག་གསོལ་ཟས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་ཡིན།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་ཤིས་ཚིག་ཕུལ།
    ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་འགོ་ཚུགས་མཛད་སྒོར་ཕེབས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཤིན་ཧོ་ཡིས་གསོལ་ཟས་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས།
     ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཐེན་ཞུའེ་ཀུང་དང་། ཀན་སུའུ་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་རིན་ཧྥུའུ་ཁང་གིས་འགོ་ཚུགས་མཛད་སྒོར་མདོ་འཛིན་བྱས།
     ལིན་ཞ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ཧྥང་ཐའེ་ཡིས་སྐུ་མགྲོན་གྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ།
     ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཱ་ཀྲི་ཧོ་ཡིས་དཔྱད་འདེམས་པའི་ཚབ་བྱས་ཏེ་གཏམ་བཤད་སྤེལ།
     ཀན་ལྷོ་ཁུལ་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀན་སུའུ་ཨ་མདོ་མ་འཇོག་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཀྲི་རུང་གིས་ཁེ་ལས་པའི་ཚབ་བྱས་ཏེ་གཏམ་བཤད་སྤེལ།
     སྐབས་འདིའི་ཟས་མཆོག་དུས་ཆེན་གྱི་དུས་ཡུན་ཉིན5ཡིན་ལ། ཟླ7ཚེས29ཉིན་ནས་ཟླ་8ཚེས2ཉིན་བར་ཡིན། ཟས་མཆོག་དུས་ཆེན་ལ“ས་ཁུལ་གསུམ་ཁུལ་གསུམ”གྱི་ཟས་མཆོག་འགྲེམས་ཁུལ་དང་། ཀན་སུའུ་ཡི་གྲོང་ཁྱེར་དང་ཁུལ་ཁག་གི་ཟས་མཆོག་འགྲེམས་ཁུལ། ཀན་ལྷོ་ཁུལ་གྱི་མི་གྲགས་ཅན་གྱི་ཟས་རིགས་སྣ་ཚོགས་ཀྱི་འགྲེམས་ཁུལ་བཅས་འགྲེམས་ཁུལ་བཞི་ཡོད། ཁྱོན་བཟའ་བཏུང་ཁེ་ལས86(དེའི་ནང“ས་ཁུལ་གསུམ་ཁུལ་གསུམ”གྱི་ཁེ་ལས15དང་། ཐེན་ཅིན་གྲོང་ཁྱེར་གྱི་ཁེ་ལས2 ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ13གྱི་བཟའ་བཏུང་ཁེ་ལས45ཡོད། ཀན་ལྷོ་ཁུལ་གྱི་རྫོང7དང་གྲོང་ཁྱེར1གི་ཁེ་ལས24བཅས་ཚུད་ཡོད)དང་གྲགས་ཅན་ཁྱད་ལྡན་ཐོན་ཟོག་ཁེ་ལས42(དེའི་ནང་གྲོང་ཁྱེར་དང་ཁུལ13གྱི་ཁེ་ལས12དང་ཀན་ལྷོ་ཁུལ་གྱི་རྫོང7དང་གྲོང་ཁྱེར1གི་ཁེ་ལས29འདུས) འགྲེམས་ཚོང་ནང་ཞུགས་ཡོད།
    མི་རིགས་ཀྱི་ཁྱད་ཆོས་ལྡན་པའི“ཚོང་ཁང་གྲགས་ཅན་དང་ཇ་མ་གྲགས་ཅན། ཚལ་རིགས་གྲགས་ཅན། ཁྱད་ལྡན་ཐོན་རྫས་གྲགས་ཅན”བཅས་ཟས་མཆོག་དུས་ཆེན་ལ་འཛོམས། གཅིག་སྡུད་ཐོག་ཟས་མཆོག་རིག་གནས་སྨྱན་སྦྱོར་དུ་བྱེད་ཅིང་། རིག་གནས་ཀྱི་ནང་དོན་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ། ཡུལ་སྐོར་དར་སྤེལ་དང་རིག་གནས་རྒྱུན་འཛིན་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་བཏང་ནས་ཟས་མཆོག་རིག་གནས་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་སྒོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཀན་ལྷོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཇེ་ལེགས་སུ་བཏང་ཡོད།
     གསོལ་ཟས་དུས་ཆེན་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ཅིང་། ཤ་བསྲེགས་མ་དང་ཚགས་ཤ་བསྲེགས་མ། འོ་ཞོ་སོགས་ཟས་མཆོག་སྣ་ཚོགས་ཀྱི་དྲི་ཞིམ་མཁའ་རླུང་ཁྲོད་ཁེངས་ཤིང་། ཟས་མཆོག་དུས་ཆེན་དེ“ཟས་མཆོག་གི་ཡུལ་གྲུ”ལྟ་བུ་ཞིག་ཏུ་གྱུར་ཡོད། འགྲེམས་གནས་ཁག་ཏུ་མི་ཚོགས་ཀྱི་གྲལ་རིང་བོ་བསྒྲིགས་ཡོད་ལ། ཚལ་རིགས་དང་གསོལ་ཚིགས་གྲགས་ཅན་གྱི་འགྲེམས་ཁུལ་མདུན་དུ་ཡུལ་སྐོར་བས་ཁེངས་ཡོད། ”ཅེས་ལིན་ཐན་གྱི་སྦྱིན་བདག་གིས་དགའ་ཚོར་ཆེན་པོས་བཤད།
     རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ལྟ་བུ་ཡིན་པ་དང་། ཟས་རིགས་ནི་རིག་གནས་ཀྱི་གཞི་རྒྱུ་དང་མཚོན་རྟགས་ཡིན། གནའ་མིའི་གཏམ་ཏུ“བུད་ཤིང་འབྲས་དང་ཚྭ་ཁུ་སྐྱུར་ཁུ་དང་།། ཡིག་རིས་དང་ནི་བདུད་རྩིའི་མེ་ཏོག་འཁྲོལ།།”ཞེས་པའི་ཤོད་རྒྱུན་ཡོད་ལ། དེང་སྐབས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་དང་དམངས་སྲོལ་གྱི་གསོལ་ཟས་དཔྱད་གཞིར་འཛིན་པའི་དུས་རབས་ཀྱི་འབོད་པ་ཞིག་ཡོད། ཟས་མཆོག་ནི་བརྩེ་སེམས་ལུས་ཟུངས་གསོ་བའི་གསོས་ཉར་སྨན་རྫས་དང་དམངས་སྲོལ་སྤེལ་རེས་ཀྱི་གཡོས་སྦྱོར་མཆོག་རྫས། རིག་གནས་བརྗེ་རེས་ཀྱི་སྒུལ་ཤུགས་བཅས་ཡིན་ལ། གསོལ་ཟས་ལ་རོལ་མྱོང་བྱེད་པ་ནི་རིག་གནས་ལ་རོལ་མྱོང་བྱེད་པ་དང་ཁྱད་ལྡན་གྱི་གསོལ་ཟས་ལ་རོལ་མྱོང་བྱེད་པ་ནི་རིག་གནས་ཀྱི་ཉིང་བཅུད་ལ་རོལ་མྱོང་བྱེད་པ་ཡིན།
     དུས་ཆེན་གྱི་ཚོགས་ཡུན་དུ་ད་དུང་མི་རིགས་ཀྱི་ཁྱད་ལྡན་ཟས་མཆོག་གྲགས་ཅན་དང་དམངས་བཅུད་ཟས་རིགས་འགྲེམས་འཚོང་། ཁྱད་ལྡན་ཐོན་རྫས་གྲགས་ཅན་འགྲེམས་སྟོན། མི་རིགས་རིག་གནས་འགྲེམས་སྟོན་སོགས་ངོ་མཚར་ཆེ་བའི་ཟས་མཆོག་གི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་གྱིན་ཡོད། ས་ཁོངས་མི་འདྲ་བ་དང་མི་རིགས་མི་འདྲ་བ་ནས་ཡོང་བའི་ཟས་རིགས་སྒྱུ་རྩལ་དང་ཟས་རིགས་ཐུན་མོང་ཐོག་འགྲེམས་སྟོན་བྱས་ཏེ་ལག་རྩལ་འགྲན་བསྡུར་བྱེད་པ་དང་གྲོས་བསྡུར་སྤེལ་རེས་བྱེད་པ་བཅས་ཀྱི་ཐོག་ནས་མདོག་མཛེས་དྲི་ཞིམ་གྱི་གཞི་རྒྱུ་མང་པོ་མཉམ་འདྲེས་ཀྱི་ཟས་རིགས་འགྲེམས་སྤེལ་བྱས་ཤིང་། དེས་ལྷག་བསམ་ཟོལ་མེད་ཀྱི་མི་རིགས་ཀྱི་བརྩེ་སེམས་གཅིག་ཏུ་བསྒྲིལ་ནས་རིག་གནས་ཀྱི་གཏམ་རྒྱུད་རིང་མོ་ཞིག་འབྲི་བཞིན་མཆིས།།
             ( གསར་འགོད་པ། བྲག་དཀར་ཚེ་རིང་། ལྷ་མོ་བཀྲ་ཤིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།