中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་ཀན་ལྷོ་ནས་འགོ་ཚུགས་པ།
དུས་ཚོད།2019-07-31 02:52:14     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
 རིག་གནས་ཡུལ་སྐོར་གྱིས་དར་གོས་ཚོང་ལམ་དར་རྒྱས་གཏོང་བ་དང་མཛེས་སྡུག་གིས་དབུལ་ཕོངས་ལས་རྣམ་པར་རྒྱལ་བ།སྐབས་བཞི་བའི་དར་གོས་ཚོང་ལམ་ཏུན་ཧོངརྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུན་ཧོང་དུ་བསྐྱོད་པདར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་མཛེས་སྡུག་ལྡན་པའི་མདོག་དགུའི་ཀན་ལྷོ་ནས་འགོ་ཚུགས་པ།
ཀྲུའོ་ཨའོ་མ་ཨེར་ཐེ་ཨའོ་ཐོ་ཨེར་པ་ཡེ་ཧྥུ་མཛད་སྒོར་ཞུགས་པ་དང་། ལིན་ཏུའོ་དང་ལུའོ་ཧྲུའུ་ཀང་གིས་ཤིས་ཚིག་ཕུལ། ཐང་རེན་ཅན་གྱིས་ཚོགས་འདུའི་གཙོ་འགན་ཁུར། ཨོའུ་དབྱང་ཅན་སོགས་མཛད་སྒོར་ཞུགས།

 
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 30ཉིན་གྱི་སྔ་དྲོར། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ལྷན་ཚོགས། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི “རིག་གནས་ཡུལ་སྐོར་གྱིས་དར་གོས་ཚོང་ལམ་དར་རྒྱས་གཏོང་བ་དང་མཛེས་སྡུག་གིས་དབུལ་ཕོངས་རྣམ་པར་རྒྱལ་བ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི “སྐབས་བཞི་བའི་དར་གོས་ཚོང་ལམ (ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུན་ཧོང་དུ་བསྐྱོད་པ་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན”མཛེས་སྡུག་ལྡན་པའི་མདོག་དགུའི་ཀན་ལྷོ་ནས་འགོ་ཚུགས།
    འགོ་ཚུགས་མཛད་སྒོ་དེ་སྲིད་དོན་བྱ་བ་དང་མདོག་དགུའི་ཤམ་བྷ་ལའི་རིག་རྩལ་འཁྲབ་སྟོན། “བརྒྱ་སྟོང་ཁྲི་ཕྲག”གི་མགྲོན་པོ “ས་ཁུལ་གསུམ་དང་ཁུལ་གསུམ”དུ་ཡུལ་སྐོར་བསྐྱོད་པ་བཅས་རིམ་པ་གཉིས་སུ་དབྱེ་ཡོད།
     ཅི་ཨེར་ཅི་སི་སི་ཐན་གྱི་སྔར་གྱི་ཙུང་ལི་ཀྲུའོ་ཨའོ་མ་ཨེར་ཐེ་ཨའོ་ཐོ་ཨེར་པ་ཡེ་ཧྥུ་འགོ་ཚུགས་མཛད་སྒོར་ཞུགས། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་ལུའོ་ཧྲུའུ་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་ཡིས་དགའ་བསུའི་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རེན་ཅན་གྱིས་འགོ་ཚུགས་མཛད་སྒོའི་གཙོ་འགན་ཁུར།
རྒྱལ་ཁབ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཧུང་སེན་དང་མོང་གོལ་རྒྱལ་ཁབ་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་ན་ཚེ་རིང་པ་ཐུར། འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་ལག་བསྟར་ཀྲུའུ་རེན་ཀྲུའུ་ཧྲན་ཀྲུང་། འཛམ་གླིང་དངུལ་ཁང་གོ་ལ་ཧྲིལ་བོའི་ཤུལ་བཞག་རིག་གནས་དང་རྒྱུན་མཐུད་ཡུལ་སྐོར་མཐུན་སྦྱོར་གྱི་ཀྲུའུ་རེན་ཨའེ་ཧ་མའེ་ཏེ་ཨའེ་ཝུའེ་ཏ་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།
     ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨོའུ་དབྱང་ཅན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མ་ཐིང་ལི། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་སུང་ལིའང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁྲིན་ཆིན། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཝང་ཞི་ཡུས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ། ཧྲིན་ཀྲང་གཞོན་པ་ཧོ་ཝེ། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ཡུས་ཅན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྡེ་བ་ཚང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལི་ཀྲི་ཞུན་དང་དེ་མིན་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས 30ལྷག་གི་ཀྲུང་གོར་སྡོད་པའི་ཕོ་ཉ། མཛའ་མཐུན་གྲོང་ཁྱེར་གྱི་འཐུས་མི། དར་གོས་ཚོང་ལམ་རྒྱུད་ཀྱི་གྲོང་ཁྱེར་གལ་ཆེན་གྱི་འཐུས་མི། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཡུལ་སྐོར་དང་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་བཅས་བསྡོམས་པས་སྐུ་མགྲོན 800ལྷག་འགོ་ཚུགས་མཛད་སྒོར་ཞུགས།
    “ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཡུལ་སྐོར་སྐོར་ལམ་ཆེན་མོའི་དྲིལ་བསྒྲགས་གློག་བརྙན་བསྟན་རྗེས་འགོ་ཚུགས་མཛད་སྒོ་ཡིས “ས་ཁུལ་གསུམ་དང་ཁུལ་གསུམ”གྱི་རིག་གནས་ཡུལ་སྐོར་གྱི་ལས་གཞི 50ལ་གན་རྒྱ་བཞག་པ་དང་། ཚོགས་ཞུགས་སྐུ་མགྲོན་དག་མཉམ་དུ་སྟེགས་བུར་ཕེབས་ནས “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
    ལིན་ཏུའོ་ཡིས 2013ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་དར་གོས་ཚོང་ལམ་ལ་དུས་རབས་ཀྱི་ནང་དོན་གསར་བ་བསྣན། ཀན་སུའུ་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་འཐབ་ཇུས་ལམ་བུ་ཞིག་ཡིན་པས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་བའི་ཀན་སུའུ་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་ཆེ་ཤོས་ཤིག་ཡིན་ལ། ཉེ་བའི་ལོ་འདི་དག་གི་རིང་ལ། རང་རྒྱལ་གྱིས “ཡིག་ཆ་ཨང་དང་པོའི”འཛུགས་སྐྲུན་ནང་ཧུར་ཐག་སྒོས་ཞུགས་ནས་ལས་སྟེགས་འཛུགས་སྐྲུན་བྱས་པ་དང་། ཉོ་ཚོང་བྱེད་རྒྱ་ཆེ་རུ་བཏང་བ། བརྗེ་རེས་གཏིང་ཟབ་ཏུ་བཏང་བ་སོགས་ཀྱི་ཐད་ལ་བྱ་བ་རབ་དང་རིམ་པ་བསྒྲུབས་ནས་ཀན་སུའུ་ཡི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་སྒོ་འབྱེད་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཞིང་། དར་གོས་ཚོང་ལམ་འགྲམ་རྒྱུད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཕན་འབྲས་མང་བོ་ཞིག་ཐོན་ཡོད། དར་གོས་ཚོང་ལམ་ཏུན་ཧོང་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཏུན་ཧོང་དུ་བསྐྱོད་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་ལེགས་འགྲུབ་འབྱུང་རྒྱུ་དེ་ཀན་སུའུ་དང་ཀྲུང་གོའི་རིག་གནས་འཛམ་གླིང་ལ་བསྐྱོད་པའི་སྤུས་རྟགས་རིང་བཞིན་གྱི་དུས་ཆེན་ཞིག་ཏུ་གྱུར་ཡོད་ལ། དར་གོས་ཚོང་ལམ་དང་ཡུལ་སྐོར་གཅིག་མཐུན་འདུས་གྲུབ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ནས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་། དར་གོས་ཚོང་ལམ་གྱི་རིག་གནས་མཉམ་འདྲེས་བྱས་ནས་དར་གོས་ཚོང་ལམ་གཉིས་ཕན་ཡོང་བའི་ཐད་ནུས་པ་མངོན་གསལ་ཞིག་ཐོན་ཡོད། ཐེངས་འདིར་ཀན་ལྷོ་ནས་མཉམ་འབྲེལ་བྱས་ནས “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”སྤེལ་བ་དང་། “རིག་གནས་ཡུལ་སྐོར་གྱིས་དར་གོས་ཚོང་ལམ་དར་རྒྱས་གཏོང་བ་དང་། མཛེས་སྡུག་གིས་དབུལ་ཕོངས་ལས་རྣམ་པར་རྒྱལ་བ”ཞེས་པའི་བརྗོད་དོན་གཙོ་བོ་གཏན་འཁེལ་བྱེད་པ་དེའི“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཡུལ་སྐོར་སྐོར་ལམ་ཆེན་མོ་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་ཆེད་ཡིན་ལ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་འགྱུར་དུ་བཅུག་ནས་རིག་གནས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆ་རུ་འགྱུར་དུ་འཇུག་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་ཤུགས་བསྣན་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་ལེན་པ་དང་ཤང་སྡེ་དར་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་གསོན་ཤུགས་གསར་བ་བསྣན་པ་དང་འདེགས་སྐྱོར་གསར་བ་བསྐྲུན་དགོས་ཞེས་བཤད།  
           ལིན་ཏུའོ་ཡིས་བསྟན་དོན། ད་ལོ་ནི་རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩར་ཐུག་པའི་ལོ་ཅིག་ཡིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འདུས་པའི“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་རྨང་གཞིའི་ཆ་རྐྱེན་ཅུང་ཞན་ལ། དབུལ་ཕོངས་ཀྱི་ཆུ་ཚད་ཟབ་པས། དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཀྱི་དཀའ་སའི་ནང་གི་ཁག་ས་དང་གལ་ཆེན་ནང་གི་འགངས་ཆེན་དེ་ཡིན། དུས་མཚུངས་སུ། “ས་ཁུལ་གསུམ་དང་ཁུལ་གསུམ”ལ་བརྗིད་ཆགས་ཀྱི་རང་བྱུང་མཛེས་ལྗོངས་ཡོད་ལ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལྡན་པས། དེ་ནི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ཐོབ་པའི་ཆ་རྐྱེན་དང་ལེགས་ཆ་ཆེས་རྩ་ཆེན་དེ་ཡིན། ཐེངས་འདིར་ཀན་ལྷོ་ནས་མཉམ་འབྲེལ་གྱིས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”བསྒྲུབ་པ་ནི། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ཞིང་། རིག་གནས་ཡུལ་སྐོར་གྱིས་དར་གོས་ཚོང་ལམ་དར་རྒྱས་བཏང་ཞིང་། མཛེས་སྡུག་གིས་དབུལ་ཕོངས་ལས་རྣམ་པར་རྒྱལ་བ་བརྗོད་བྱ་གཙོ་བོ་བྱེད་པ་ནི། དེ་བས་ལྷག་པའི་སྒོ་ནས“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཡུལ་སྐོར་སྐོར་ལམ་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རི་ཆུ་སྔོན་མོ་གསེར་རི་དངུལ་རིར་གྱུར་པ་དང་། རིག་གནས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གོང་འཕེལ་གྱི་ལེགས་ཆ་རུ་གྱུར་ནས། རིག་གནས་ཡུལ་སྐོར་ཞེས་པའི་བདེ་སྐྱིད་ཀྱི་ཐོན་ལས་དང་མཛེས་སྡུག་གི་ཐོན་ལས་དེས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རོགས་སྐྱོར་བྱས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་དང་ཞིང་སྡེ་དར་སྤེལ་གཏོང་བར་གསོན་ཤུགས་གསར་བ་བསྣན་པ་དང་འདེགས་སྐྱོར་གསར་བ་འཛུགས་རྒྱུ་ཡིན།
     ལུའོ་ཧྲུའུ་ཀང་གིས་བཤད་རྒྱུར། ཉེ་བའི་ལོ་ཤས་ནང་དུ། དར་གོས་ཚོང་ལམ་ཏུན་ཧོང་རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང“ཏུན་ཧོང་དུ་བསྐྱོད་པའི”དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་སྤེལ་བའི་གོ་སྐབས་དང་བསྟུན་ནས། ང་ཚོས་ཐུན་མོང་ཐོག་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་དར་སྤེལ་དང་། རིག་གནས་ཕྱོགས་ཞེན་མེད་པར་འབོད་སྐུལ་བཏང་སྟེ། ཧུར་ཐག་གིས་མི་སྣའི་འགྲོ་འོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་གཅིག་མཐུན་གྱི་ངོས་འཛིན་རབ་དང་རིམ་པ་བྱུང་། དེའི་བརྒྱུད་རིམ་གྱི་ཁྲོད་དུ། དར་གོས་ཚོང་ལམ་ཏུན་ཧོང་རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཏུན་ཧོང་དུ་བསྐྱོད་པའི་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་རིམ་བཞིན་དུ་ཕྱོགས་སོ་སོའི་དོ་སྣང་བྱ་ཡུལ་དུ་གྱུར་ནས། མཉམ་དུ“རྒྱུད་གཅིག་ལམ་གཅིག”དང་དམངས་སེམས་གཅིག་མཐུན། རིག་གནས་ཡུལ་སྐོར་རྒྱལ་སྤྱིའི་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་པའི་སྟེགས་བུ་གལ་ཆེན་བསྐྲུན།
    སྲིད་དོན་བྱ་བ་མཇུག་སྒྲིལ་རྗེས། མདོག་དགུའི་ཀན་ལྷོའི་ཤམ་བྷ་ལའི་རིག་རྩལ་འཁྲབ་སྟོན་དང“བརྒྱ་སྟོང་ཁྲི”ཡིས“ས་ཁུལ་གསུམ་དང་ཁུལ་གསུམ”ལ་ཡུལ་སྐོར་བྱེད་པའི་བྱ་འགུལ་རྔམ་བརྗིད་ལྡན་པའི་རྟ་བའི་རུ་ཁག་གི་འཁྲབ་སྟོན་ཁྲོད་ནས་འགོ་བརྩམས། ས་གནས་ཀྱི་མང་ཚོགས་དང་སྒྱུ་རྩལ་བ་མི་ཁྲི་ལྷག་གིས་སྔ་རྗེས་སུ 《ཀན་ལྷོ་གཡང་ལྡན་ཕྱུག་མོར་བསྟོད་གླུ་ལེན》 《མེ་ཏོག་རྣམ་པར་བཞད་པའི་རྩྭ་ཐང་གི་མི་རིགས་ཀྱི་མཛའ་བརྩེ》 《ལོ་ལེགས་སྨིན་པའི་ཀན་སུའུ་འབྱོར་འབྲིང་ལམ》 《མེས་རྒྱལ་གྱི་བརྩེ་བ》 《དར་གོས་ཚོང་ལམ་གྱི་དགྱེས་འཛོམས》སོགས་འཁྲབ་ཚན་འཁྲབ་སྟོན་བྱས་ཏེ། རྩྭ་ཐང་གི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ལ་སྨོན་འདུན་ཟབ་མོ་ཞུས་པ་མཚོན།
    ཚོགས་ཞུགས་སྐུ་མགྲོན་གྱིས“ཡུལ་སྐོར་ལས་དོན་ཁང་བརྒྱ”དང “སྒེར་འཁོར་སྟོང”“ཡུལ་སྐོར་བ་ཁྲི”ཡིས“ས་ཁུལ་གསུམ་དང་ཁུལ་གསུམ”ལ་ཡུལ་སྐོར་བྱེད་པའི་འཐུས་མིར་དར་ཆ་སྤྲད་པས“བརྒྱ་སྟོང་ཁྲི”ཡིས“ས་ཁུལ་གསུམ་དང་ཁུལ་གསུམ”ལ་ཡུལ་སྐོར་བྱེད་པའི་བྱ་འགུལ་ཁྱོན་ཡོངས་ནས་འགོ་བརྩམས་པ་མཚོན།
     རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”ཟླ 7པའི་ཚེས 30ཉིན་ནས་ཟླ 8པའི་ཚེས 1ཉིན་ཀན་སུའུ་ཀན་ལྷོ་ནས་འགོ་ཚུགས་པ་དང་། ཟླ 8པའི་ཚེས 31ཉིན་ནས་ཟླ 9བའི་ཚེས 5ཉིན་ཀན་སུའུ་ཏུན་ཧོང་ནས་མཇུག་སྒྲིལ་རྒྱུ་ཡིན། ནང་དོན་ལ་གཙོ་བོ“གླེང་སྟེགས་དང་འགྲེམས་སྟོན། འཁྲབ་སྟོན།  ཡུལ་སྐོར།  ཉོ་འཚོང། གསར་གཏོད”བཅས་རིགས་ཆེན་པོ་དྲུག་གི་བྱ་འགུལ་དོན་ཚན 32འདུ།  ཚོགས་འདུའི་སྟེང་དུ་གླེང་སྟེགས་དང་ཚོགས་འདུ་འཚོགས་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་གྲོས་མཉམ་སྐྲུན་མཉམ་རོལ་བྱེད་པའི་བློ་གྲོས་དང་སྒྲིལ་ཤུགས་གཅིག་ཏུ་སྒྲིལ། འགྲེམ་སྟོན་འཁྲབ་སྟོན་བྱས་པ་བརྒྱུད། དར་གོས་ཚོང་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་སོ་སོའི་ཤེས་རིག་གསར་གཏོད་ཀྱི་མཛེས་ཉམས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་འཕེལ་རྒྱས་མངོན་པར་བྱས། ལས་གཞི་སྦྲེལ་མཐུད་དང་ངོ་འཕྲད་གྲོས་མོལ་གན་རྒྱ་བཞག་པ་བརྒྱུད། དར་གོས་ཚོང་ལམ་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་མཉམ་ལས་གོང་འཕེལ་ལ་ཞབས་ཞུ་བྱེད་པའི་སྟེགས་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་གསར་བ་གསར་སྐྲུན་བྱེད་པར་གོ་སྐབས་དང་སྒུལ་ཤུགས་གསར་བ་སྤྲད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།