中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རྨ་ཆུ་རྫོང་གི་ལས་བྱེད་པ་རྒན་པས་ནག་སེལ་གཤེད་བཅོམ་བྱ་བར་རོགས་འདེགས་བྱས་པ།
དུས་ཚོད།2019-08-08 09:23:23     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ནག་སེལ་གཤེད་བཅོམ་བྱ་བའི་ཆེད་དོན་འཐབ་རྩོད་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། རྨ་ཆུ་རྫོང་ཨུའི་ལས་བྱེད་པ་རྒན་པས་དྲིལ་བསྒྲགས་བྱེད་སྟངས་གཙིགས་སུ་འཛིན་པ་དང་དྲིལ་བསྒྲགས་ཐབས་ལམ་རྒྱ་བསྐྱེད་བཏང་བ། དྲིལ་བསྒྲགས་ཁོར་ཡུག་ལེགས་པོ་བསྐྲུན་ནས། ལས་བྱེད་པ་རྒན་པ་རྣམས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ནང་ཞུགས་པར་ཁོར་ཡུག་ལེགས་པོ་བསྐྲུན།
    རྫོང་འདིས་བྱ་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བར་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་བཏང་བའི་འཕྲིན་ཡིག་གཅིག་པར་དུ་བཀྲམ་ནས། དྲིལ་བསྒྲགས་ཕན་འབྲས་ཆེ་རུ་བཏང་ཞིང་དྲིལ་བསྒྲགས་ཟིལ་ཤུགས་རྒྱ་ཆེར་བཏང་བ་དང་། ལས་བྱེད་པ་རྒན་པ་རྣམས་ཀྱི་ཤེས་རྟོགས་བྱེད་ཚད་མཐོར་འདེགས་བཏང་ནས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དམངས་སེམས་སུ་ཟུག་ཏུ་བཅུག་པ་དང་། རྩ་འཛུགས་བྱ་བྱེད་པའི་འཕྲིན་ཕྲན་སྟེགས་བུ་དང་རྨ་ཆུ་རྫོང་བརྙན་འཕྲིན་ཁང་སོགས་སྨྱན་སྦྱོར་ཐབས་ལམ་བེད་སྤྱོད་གང་ལེགས་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་བྱ་འགུལ་སྤེལ། ལས་འཁྱུར་ཏང་ཡོན་རྒན་པ་རྣམས་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེར་ཞུགས་པའི་རྣམ་པས་དྲིལ་བསྒྲགས་བྱས་ཤིང་། གྲོང་མིར་ནག་ཚོགས་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ནས། སྡོད་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པར་སྐུལ་འདེབས་དང་ཁྲིད་སྟོན་བྱས། དཔྱད་གཞིའི་ཡིག་ཆ་སྒོ་ཁར་སྐྱེལ་བའི་བྱེད་ཐབས་སྤྱད་དེ་ནག་སེལ་གཤེད་བཅོམ་གྱི་དམིགས་ཡུལ་དང་དོན་སྙིང་། བྱ་ཐབས་བྱེད་སྟངས་དྲིལ་བསྒྲགས་བྱས། དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་ལས་བྱེད་པ་རྒན་པ་རེ་རེའི་ལག་ཏུ་འབྱོར་བར་བྱས་པས། ནུས་ལྡན་གྱི་སྒོ་ནས་ལས་བྱེད་པ་རྒན་པ་རྣམས་ཀྱི་ཤེས་རྟོགས་བྱེད་ཚད་དང་ཞུགས་ཚད་མཐོར་འདེགས་སུ་བཏང་བས། དྲིལ་བསྒྲགས་བྱ་བར་གྲུབ་འབྲས་མངོན་གསལ་ཐོན།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།