中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། 2019ལོའི་ཅོ་ནེ་རྫོང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་རིག་གནས་གསར་སྐྲུན་གྱི་གླེང་སྟེགས་བྱེད་སྒོ་སྤེལ་བ།
དུས་ཚོད།2019-08-08 09:26:06     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 8ཚེས 3ཉིན་ལ།  2019ལོའི་ཅོ་ནེའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རིག་གནས་གསར་སྐྲུན་གྱི་གླེང་སྟེགས་སྤེལ་བ་དང་། “དུས་ཆེན་གཅིག་དང་ཚོགས་འདུ་གཅིག”གི་ཆེད་དོན་བྱེད་སྒོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས། ཨ་རིའི་ཅ་ཀྲོའུ་དང་། ཀྲུང་གོའི་ཐའེ་ཝན། ཧྲང་ཧའེ་སོགས་ས་ཁུལ་གྱི་ཆེད་མཁས་པ་མང་པོ་མཉམ་དུ་འཛོམས་ནས་གྲོང་གསེབ་དར་རྒྱས་གཏོང་བར་ཇུས་གཞི་བཏོན་ནས་ཅོ་ནེ་རྫོང་སྤུས་ཚད་མཐོ་བའི་ངང་དར་བར་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས། 
    ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུའི་ཀྲུའུ་རེན་གཞོན་པ་ དབྱང་ཙི་ཚའེ་དང་ཁུལ་དཔོན་གཞོན་པ་ཝང་ཧྥང་གླེང་སྟེགས་བྱེད་སྒོར་ཞུགས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ་ཡིས་ཤིས་ཚིག་འབུལ་སྐབས་སུ། ཅོ་ནེ་ཡི་འཕེལ་རྒྱས་དེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ལ། སྤྱི་ཚོགས་ཡོངས་ཀྱི་རོགས་རམ་དང་ཡང་བྲལ་ཐབས་མེད། ཐེངས་འདིའི་གླེང་སྟེགས་ནི་རིག་གནས་ཀྱི་གྲོས་ཚོགས་གཟབ་རྒྱས་ཤིག་ཡིན་ལ། ཅོ་ནེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བསམ་བློ་གསར་བ་དང་གསོན་ཤུགས་གསར་བ་བསྩལ་ཞིང་། ཆེད་མཁས་པ་དང་སྒྱུ་རྩལ་བ་དག་གིས་ཇུས་གཞི་བཏོན་ཏེ་ཅོ་ནེའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ངོ་མཚར་ཆེ་བའི་ཅོ་ནེའི་ལོ་རྒྱུས་གསར་བ་ཞིག་འགོད་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།