中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། “ཚོན་མདངས་རྣམ་པར་བཀྲ་བའི་ཐའོ་ཀྲོའུ་དང་ཡིད་དབང་འཕྲོག་ཤུགས་ཆེ་བའི་ལིན་ཐན”ཞེས་པའི་ཡིག་རེས་པར་ལེན་འགྲེམ་སྟོན་བྱེད་སྒོ་འགོ་ནང་ཐང་དུ་སྤེལ་བ།
དུས་ཚོད།2019-08-08 09:27:57     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན) སྐབས་བཞི་བའི་དར་གོས་ཚོང་ལམ (ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུན་ཧོང་དུ་བསྐྱོད་པདར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་སྤེལ་བའི་སྐབས་སུ་ལིན་ཐན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི “ཚོན་མདངས་རྣམ་པར་བཀྲ་བའི་ཐའོ་ཀྲོའུ་དང་ཡིད་དབང་འཕྲོག་ཤུགས་ཆེ་བའི་ལིན་ཐན”གྱི་ཡིག་རིས་པར་ལེན་འགྲེམ་སྟོན་ཟླ 7ཚེས་27ཉིན་ལ་འགོ་ནང་ཐང་དུ་སྤེལ། སྙན་ངག་དང་ཡིག་རིས་པར་ལེན་བརྩམས་ཆོས 200ཙམ་འགྲེམས་སྟོན་དུ་ཞུགས།
    འགྲེམས་སྟོན་དུ་ཞུགས་པའི་བརྩམས་ཆོས་ཀྱིས་སྣ་མང་གི་ཁྱད་ཆོས་དང་སྣ་མང་གི་བརྗོད་བྱ་ལ་བརྟེན་ནས་ལིན་ཐན་རྫོང་གི་ཡིག་རིས་པར་ལེན་ལ་དགའ་བའི་མི་སྣ་དག་གི་འཚོ་བའི་གོ་རྟོགས་དང་མེས་རྒྱལ་ལ་བཅིངས་པའི་དགའ་ཞེན་འགྲེལ་བཤད་བྱས་ཤིང་། ལིན་ཐན་གྱི་ཡུན་རིང་གི་ལོ་རྒྱུས་རིག་གནས་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་མངོན་པ་དང་། ལིན་ཐན་རྫོང་གི་མང་ཚོགས་ཀྱི་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་དང་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་སྒོས་མངོན།
    ལིན་ཐན་རིག་གནས་ཁང་གི་འགོ་གཙོ་ཉིའུ་རུའེ་ཡིས་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར 70ལོན་པ་དང་ཚོགས་འདུ་གཅིག་དང་དུས་ཆེན་གཅིག་ལ་བསུ་བ་ཞུ་ཆེད། ལིན་ཐན་རྫོང་གིས་ཡིག་རིས་པར་ལེན་འགྲེམས་སྟོན་བྱེད་སྒོ་སྤེལ་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱ་ཆེའི་མང་ཚོགས་བྱེད་སྒོར་ཞུགས་པར་བསྔགས་སྐུལ། ཕུལ་བྱུང་གི་གསར་རྩོམ་བརྩམས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་ཞེས་བཤད།།
       (སངས་རྒྱས་སྐྱིད་ཀྱིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།