中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཅོ་ནེའི་ཡུལ་སྲོལ་ཡུལ་སྐོར་དང་རྒྱལ་སྤྱིའི་སྒེར་འཁོར་རོལ་རྩེད་དུས་ཆེན་འགོ་ཚུགས་པ།
དུས་ཚོད།2019-08-08 09:29:59     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 8ཚེས 2ཉིན་ལ། ཅོ་ནེའི་ཡུལ་སྲོལ་ཡུལ་སྐོར་དང “རྨི་ལམ་ནང་ཅོ་ནེ་ལ་ལོག་པའི”སྒེར་འཁོར་རབ་དགའི་རོལ་རྩེད་དུས་ཆེན། “མཛེས་ལྗོངས་གནས་འདི་ན་ཡོད”ཅེས་པའི 2019ལོའི་ཅོ་ནེའི་མཛེས་སྡུག་ལྡན་པའི་གྲོང་གསེབ་རིག་གནས་གསར་གཏོད་གླེང་སྟེགས་སོགས་ཀྱི་འགོ་ཚུགས་མཛད་སྒོ་སྤེལ། ཐེངས་འདིའི་བྱེད་སྒོ་ནི་སྐབས་བཞི་བའི་དར་གོས་ཚོང་ལམ (ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུན་ཧོང་དུ་བསྐྱོད་པདར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་གྱི་ཡན་ལག་བྱེད་སྒོ་གལ་ཆེན་ཞིག་ཡིན།
    བཅིངས་འགྲོལ་དམག་མིའི་སྤྱི་ཁྱབ་སྨན་ཁང་གི་དེ་སྔའི་ཆབ་སྲིད་ཨུ་ཡོན་ནམ་ཀྲུང་གོ་ཡིག་མཁན་གྱི་གཅེས་ནོར་བཞིའི་མཐུན་ཚོགས་ཀྱི་ཚོགས་གཙོ་སང་ཧྥུའུ་ཅིན་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཀྲན་ལིའང་། ཁུལ་དཔོན་གཞོན་པ་ཝང་ཧྥང་བཅས་འགོ་ཚུགས་མཛད་སྒོར་ཞུགས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ་ཡིས་ཤིས་ཚིག་ཕུལ་སྐབས། ཅོ་ནེ་ནི་ཀན་ལྷོའི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་། ཆིན་ལིང་རི་རྒྱུད་བཅས་ཀྱི་རྒྱུད་དུ་གནས་པས་དེ་ནི་ཇ་རྟ་གནའ་ལམ་རྒྱུད་ཀྱི་ས་ཆ་དང་དར་གོས་ཚོང་ལམ་ལྷོ་ནུབ་ཀྱི་ཡན་ལག་ལམ་ཐིག་ཅིག་རེད་ཅེས་ངོ་སྤྲོད་བྱས་ཤིང་། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཁྲོད་ཅོ་ནེ་ནི་སྤྱི་ལེ་ཁྲི་གཉིས་ལྷག་གི་རྒྱང་སྐྱོད་ལམ་བུའི་ཐོག་གི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་། ལོ་ངོ 532ཀྱི་རིང་རྒྱུན་འཛིན་བྱས་པའི་ཅོ་ནེ་དཔོན་པོའི་ལམ་ལུགས་ཁྲོད་བྱམས་སྙིང་རྗེ་ཆེན་པོ་ལྡན་ཞིང་། མང་ཚོགས་ལ་འབྲུ་རིགས་ཀྱི་སྦྱིན་པ་གཏོང་བ། དམར་དམག་ལ་རོགས་རམ་བྱེད་པའི་དམར་དམག་གི་གསར་བརྗེའི་དཔོན་པོ་ཞིག་ཡོད་པས་ཅོ་ནེ་ཡི་སྙིང་སྟོབས་དང་ཅོ་ནེ་ཡི་གཏམ་རྒྱུད་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་སྟེ་ཅོ་ནེ་མཛེས་སྡུག་གིས་ཕྱུག་ཅིང་གསོན་ཉམས་དང་ལྡན་པར་བྱས། ཅོ་ནེ་ནི་བོད་བརྒྱུད་ནང་བསྟན་རིག་གནས་འབྱུང་སའི་གནས་ཤིག་ཡིན་ལ། ཨ་མདོའི་ཏིང་འཛིན་དར་རྒྱས་གླིང་ནི་བླ་བྲང་དགོན་པ་ལས་ལོ་ངོ 400ཡི་སྔོན་དུ་བཏབ་པ་དང་། སྔོན་དུ་ཅོ་ནེ་ཡི་དཔར་ཤིང 《བསྟན་འགྱུར》དང 《བཀའ་འགྱུར》གྱི་དབང་གིས་བོད་དུ་སྐད་གྲགས་ཤིན་ཏུ་ཆེ་ཞེས་བཤད། 
    འགོ་ཚུགས་མཛད་སྒོའི་ཐོག་ད་དུང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་དེས་ཅོ་ནེ་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་མཚོན་ཡོད་ལ། གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་གར་སྟེགས་ཐོག་ཅོ་ནེ་བས་པགས་རྡུང་ཞབས་བྲོ་འཁྲབ་སྟེ་ཕྱོགས་བཞིའི་ལྷ་ཚོགས་ལ་མཆོད་པ་འབུལ་གྱིན་ལོ་ལེགས་ཡོང་བའི་རྟེན་འབྲེལ་ཞུ་བཞིན་ཡོད། ངར་ཤུགས་རབ་ཏུ་འཕེལ་བའི 《བོད་རྒྱལ་རྣམ་གཞུང》གི་ཞབས་བྲོ་དང 《གངས》ཀྱི་རྐྱང་གཞས་སྙན་མོ་བཏང་ནས་ཚོགས་ར་དགའ་སྤྲོས་ཕྱུག་ཅིང་། ལས་ཡུལ་དང་པོའི་ལས་བྱེད་པའི་དབུལ་སྐྱོར་ལས་དོན་གྱི་གནས་ཚུལ་མཚོན་པའི་ཟློས་གར 《དབུལ་སྐྱོར་ལམ་བུ》ཞེས་པ་དེས་མཚན་ཚོགས་ཧྲིལ་པོའི་མཐོ་རླབས་འཕྱུར་དུ་བཅུག།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།