中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། “དུས་ཆེན་གཅིག་དང་ཚོགས་འདུ་གཅིག”གི་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་ཚོགས་པ།
དུས་ཚོད།2019-08-08 09:32:49     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར “དུས་ཆེན་གཅིག་དང་ཚོགས་འདུ་གཅིག”གི་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་མཚམས་སྦྱོར་ཚོགས་འདུ་ཚོགས།
    ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་གིས་དགའ་བསུའི་ཤིས་ཚིག་ཕུལ། རྫོང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོས་མི་ཆོས་དང་རང་བྱུང་། ཡུལ་སྲོལ་སོགས་ཀྱི་ཐད་ནས་བསང་ཆུ་རྫོང་མཚམས་སྦྱོར་བྱས། 
    དབྱང་ཞུང་གིས་ཉེ་བའི་ལོ་ཤས་རིང་ལ་བསང་ཆུ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་གྱིས་བཏོན་པའི་བོད་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་སྲིད་ཇུས་དམ་འཛིན་བྱས་ཤིང་། རིག་གནས་དང་ཆོས་ལུགས་ཀྱིས་རྫོང་དར་རྒྱས་དང་ཡུལ་སྐོར་གྱིས་རྫོང་ལ་གསོན་ཤུགས་བསྩལ་ལ། བླ་བྲང་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་སྔོག་འདོན་དང་ཡུལ་སྐོར་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱས་ནས་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་བསྩལ་ཞེས་བཤད།
    མཚམས་སྦྱོར་ཚོགས་འདུའི་ཐོག་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་གློག་བརྙན་དང་བྲོ་གར་ཆེན་མོ 《གསེར་དྲིལ་གྱི་རང་སྒྲ་སྟེ་བླ་བྲང་།》ཞེས་པ་ཚོགས་ཞུགས་སྐུ་མགྲོན་ལ་བསྟན་ནས་ངོ་མཚར་ཆེ་བའི་བླ་བྲང་གི་མི་ཆོས་དང་རིག་གནས་རོལ་མྱོང་བྱས་སུ་བཅུག
    ཚོགས་ཞུགས་སྐུ་མགྲོན་དག་ད་དུང་བསང་ཁོག་རྩྭ་ཐང་དང་བླ་བྲང་བཀྲ་ཤིས་འཁྱིལ། བླ་བྲང་ཐང་ག་གྲོང་རྡལ་སོགས་མཛེས་ལྗོངས་ཁུལ་དུ་དངོས་སུ་ལྟ་སྐོར་དུ་སོང་ནས་བསང་ཆུ་རྫོང་ལ་རྒྱུས་ལོན་བྱས།།
        (བན་དེ་ཚེ་རིང་གིས་བསྒྱུར)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།