中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལིན་ཐན་རྫོང་རིག་གནས་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་འགོ་ནང་ཐང་དུ་སྤེལ་བ།
དུས་ཚོད།2019-08-08 09:34:21     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།

སྐབས་བཞི་བའི་དར་གོས་ཚོང་ལམ (ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུན་ཧོང་དུ་བསྐྱོད་པདར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་ལིན་ཐན་རྫོང་རིག་གནས་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་འགོ་ནང་ཐང་དུ་སྤེལ་བ།


    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)  ཟླ 7ཚེས 31ཉིན་ལ། སྐབས་བཞི་བའི་དར་གོས་ཚོང་ལམ (ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུན་ཧོང་དུ་བསྐྱོད་པདར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་ལིན་ཐན་རྫོང་རིག་གནས་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་འགོ་ནང་ཐང་དུ་སྤེལ།
    མཚམས་སྦྱོར་ཚོགས་འདུའི་ཐོག་སྐུ་མགྲོན་ཚོས་ལིན་ཐན་རྫོང་གི་དྲིལ་བསྒྲགས་གློག་བརྙན་ལ་བལྟས་པ་དང་། ལིན་ཐན་རྫོང་ཨུའི་འགན་ཁུར་བ་གཙོ་བོས་དགའ་བསུའི་ཤིས་ཚིག་ཕུལ། ལིན་ཐན་རྫོང་སྲིད་གཞུང་གི་འགན་ཁུར་བས་ལིན་ཐན་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་པ་རེད། 
    གྲོས་ཚོགས་ཀྱིས་ལིན་ཐན་གྱི་གནའ་བོའི་མིང་ལ་ཐའོ་ཀྲོའུ་ཟེར་བ་དང་། ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་རྒྱུད། མཚོ་བོད་ས་མཐོའི་བྱང་ཤར་མཚམས་སུ་གནས་པ་དང་། རོང་ཁུལ་དང་འབྲོག་ཁུལ། བོད་རྒྱ་ཧའེ་སོགས་ཀྱི་མི་རིགས་འདུས་ཤིང་། ལིན་ཐན་རྫོང་ལ་འོད་མདངས་བཀྲ་བའི་ལོ་རྒྱུས་རིག་གནས་དང་རང་བྱུང་མཛེས་ལྗོངས། སྐྱེ་ཁམས་ཁོར་ཡུག་ཡག་པོ། བབ་ཆགས་ཀྱི་དམངས་སྲོལ། ས་མཐོའི་མཚེའུ། ནགས་ཚལ་རྩྭ་ཐང་། ཏན་ཞ་ས་དབྱིབས། ཆུ་བོ་དང་གྲོག་རོང་སོགས་ཡུལ་ལྗོངས་ཀྱིས་ཕྱུག་ཅིང་། ཅང་ཧོའེ་རིག་གནས་དང་། གསར་བརྗེའི་རིག་གནས། ཆོས་ལུགས་རིག་གནས། དམངས་སྲོལ་རིག་གནས་བཅས་མཉམ་འདྲེས་བྱུང་ནས། ལིན་ཐན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གྲུབ་ཅེས་བསྟན།
    མིག་སྔར་ལིན་ཐན་རྫོང་གི་ཤང་གྲོང 16ལ་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་སྲིད་འཛིན་གྲོང་ཚོ 141ལ “གྲོང་གསེབ་ཀྱི་གར་སྟེགས”གཞི་རྩའི་ཐོག་ཁྱོན་ཡོངས་ལ་ཁྱབ་པ་དང་། རིམ་པ་ཁག་གི་རིག་དངོས་སྲུང་སྐྱོང་སྡེ་ཚན་དང་གནས་སྤོ་མི་ཐུབ་པའི་རིག་དངོས 160ཡོད། དབུལ་ཕོངས་གྲོང་ཚོ་དང་དབུལ་ཕོངས་ཁྱིམ་དུད་ཀྱིས་ཁྱིམ་ཚང་ལག་ཤེས་བཟོ་ལས་འཕེལ་རྒྱས་གཏོང་བའི་ལས་རིགས་དང་ཁྱིམ་ཚང་གི་ཞབས་ཞུའི་ལས་རིགས་ལ་རོགས་སྐྱོར་བྱས་ནས། ཐའོ་ཀྲོའུ་ཡི་འཚེམ་དྲུབ་དང་གྲོང་གསེབ་ཀྱི་འབྲུ་རིགས་དཀྱུས་མ། མི་རིགས་ཀྱི་རྒྱན་གོས་སོགས་ཡུལ་རང་གི་རིག་གནས་ཡུལ་སྐོར་གྱི་ཚོང་ཟོག་སྐོར་ཞིག་སྤེལ། ཤང་དང་གྲོང་རྡལ 16ཏུ་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས 94བསྐྲུན་ནས་ཡུལ་སྐོར་བ་སྣ་མང་ཅན་གྱི་ཉོ་སྒྲུབ་ཀྱི་དགོས་མཁོ་བསྐང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་ནུས་ལྡན་ངང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐབས་ལམ་རྒྱ་ཆེར་བཏང་། 2019ལོའི་ལོ་སྟོད་དུ། ལིན་ཐན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི 106.4491སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར 5.74ལ་བསླེབས་ཏེ་དུས་མཚུངས་ལས 14.05%དང 18.59%འཕར། ཡུལ་སྐོར་ལས་རིགས་ཀྱིས་ལིན་ཐན་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཕྱུག་འགྱུར་གཏོང་བར་སྐུལ་ཁྲིད་དང་། ལས་ཞུགས་མང་དུ་གཏོང་བ། ནང་མཁོ་སྐུལ་ཁྲིད་ཀྱི་གསར་དར་རྐང་འཛིན་ཐོན་ལས་དང་དཔལ་འབྱོར་འཕར་གཞིར་གྱུར།
    ཉིན་དེར་འཛམ་གླིང་ས་གནས་ཁག་གི “དྲག་གྲས་བརྒྱ”ཡི་ཡུལ་སྐོར་ཚོང་བ་འགོ་ནང་ཐང་སྐྱེ་ཁམས་གླིང་ནས་བུད་དེ། ཐའོ་ཀྲོའུ་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་དང་། ལན་ཅ་ཧྲན་ལྗོངས་གཟིགས་སྟེགས་བུ། མིའོ་ཧྭ་རི་བོའི་ལྗོངས་གཟིགས་སྟེགས་བུ་སོགས་སུ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་བྱས། 
    དགོང་མོར་ཆེད་དོན་ཡུལ་སྐོར་སྐུལ་འདེད་ཀྱི་འཁྲབ་སྟོན་བྱེད་སྒོ་སྤེལ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།