中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་ཁུལ་གྱི་ཞིང་གསུམ་ཐོན་ལས་ལ་ནུས་ལྡན་གྱི་རྒྱབ་རྟེན་ཡོད་པར་གྱུར་པ།
དུས་ཚོད།2019-08-09 20:42:50     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། རང་ཁུལ་གྱི་ཞིང་གསུམ་ཐོན་ལས་གོང་འཕེལ་ཞིབ་འཇུག་ཁང་བཙུགས་པའི་མཛད་སྒོ་གཙོས་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ། རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་འཇུག་ཁང་འདི་ནི་ཞིང་གསུམ་དང་དངུལ་རྩ། དྲ་སྦྲེལ་སོགས་ཀྱི་ཐད་དུ་ཆེད་མཁས་པས་རྟོག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཏུ་བཙུགས་པའི་རང་ཁུལ་གྱི“ཞིང་གསུམ་ཐོན་ལས”ཀྱིས་གཙོ་ཁྲིད་བྱེད་པའི་དམངས་ཁྲོད་ཀྱི་ཞིབ་འཇུག་ལས་ཁུངས་ཤིག་ཡིན། ལས་ཁུངས་བཙུགས་པའི་མཛད་སྒོའི་སྟེང་དུ་ཞིབ་འཇུག་ཁང་གི་འགན་ཁུར་བས་བཤད་རྒྱུར། ཞིབ་འཇུག་ཁང་གིས“ཞིང་གསུམ”བྱ་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ཏུ་བླངས་ནས་ཉམས་མྱོང་བརྗེ་རེས་དང་དཀའ་ངལ་སེལ་བ། ཐུན་མོང་གི་ངོས་ཟིན་མཐོ་རུ་གཏོང་བ། ཁ་ཕྱོགས་གསལ་བོ་བྱས་ནས། དེ་བས་བཟང་བའི་སྒོ་ནས་རང་ཁུལ་གྱི་ཞིང་སྡེ་དར་སྤེལ་གཏོང་བའི་བྱ་བར་རྨང་གཞི་བཏིང་སྟེ་བརྟན་པོའི་ངང་གོང་དུ་འཕར་བར་སྐུལ་འདེད་གཏོང་དགོས།
    རྒྱུས་ལོན་བྱུང་བ་ལྟར་ན། སྔར་ལས་ལྷག་པར་དུ་རང་ཁུལ་གྱི་ཞིང་གསུམ་གོང་འཕེལ་གྱི་གཞི་ཁྱོན་ཇེ་ཆེར་གཏོང་ཆེད། ཞིང་གསུམ་ཐོན་ལས་ཀྱི་གོང་འཕེལ་རྒྱུན་ཐག་རིང་དུ་བཏང་བ་དང་། ཐོན་ལས་ཀྱི་རིན་ཐང་རྒྱུན་ཐག་རིང་དུ་བཏང་ནས། ཐོན་ལས་གསར་བ་དང་སྐྱེ་ཁམས་གསར་བ་རྣམ་པ་གསར་བ་བཅས་གསོ་སྤེལ་བྱས་ཏེ། ཞིང་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་བཏང་ཞིང་ཞིང་སྡེའི་གསོན་ཤུགས་གསར་བར་ཤུགས་བསྣན་ནས་ཞིང་སྡེའི་མཁོ་འདོན་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། དབུལ་སྐྱོར་མཁྲེགས་གཏོར་གྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལ་ནུས་ལྡན་གྱི་འདེགས་སྐྱོར་ནུས་པ་འདོན་སྤྲོད་བྱས།
    རང་ཁུལ་གྱི་ཞིང་གསུམ་ཐོན་ལས་གོང་འཕེལ་ཞིབ་འཇུག་ཁང་བཙུགས་རྗེས་ཕྱོགས་ཡོངས་ནས 2019ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་བོའི“ཞིང་གསུམ”བྱ་བ་ལག་བསྟར་ལེགས་པོ་བྱས་པའི་སྐོར་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། “ཞིང་སྡེ་དར་རྒྱས་གཏོང་བར་དམིགས་ནས། ཞིང་གསུམ་གོང་འཕེལ་ལ་སྐུལ་འདེད་གཏོང་བ”འགན་འཁྲི་རུ་བརྩིས་ནས“ཞིང་ལས་སྟོབས་ལྡན་དུ་གཏོང་བ་གསར་གཏོད་དང་ཞིང་ཕན་ལ་མཐུན་སྦྱོར་བྱས་ནས། ལྗང་མདོག་གི་ཞིང་ལས་དར་རྒྱས་སུ་གཏོང་བ་དང་སྒོ་འབྱེད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པ། མཉམ་སྤྱོད་ཀྱིས་ཞིང་བ་ཕྱུག་པོར་གཏོང་བའི”གོང་འཕེལ་གྱི་འདུ་ཤེས་དར་སྤེལ་གཏོང་དགོས་ཞེས་ཞིབ་འཇུག་ཁང་གི་འགན་ཁུར་བས་བཤད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།