中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྐུལ་འདེད་བརྙན་འཕྲིན་ཚོགས་འདུར་ཉན་ཞིང་བལྟས་པ།
དུས་ཚོད།2019-08-09 20:43:39     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   (  རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། )ཉེ་ཆར། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་རོགས་སྐྱོར་བྱ་བར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཚོགས་འདུ་ལན་ཀྲོའུ་རུ་ཚོགས།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལུའེ་ཀྲེ་ཅུན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཚའེ། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཀྲེན་ཀུའོ་བཅས་ཀྱིས་ཡན་ལག་ཚོགས་ར་ནས་ཉན་ཞིང་བལྟས།
    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་དབུལ་སྐྱོར་བྱ་བའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་ལག་ལེན་གཏིང་ཟབ་བྱས་ཏེ་ཚད་མཐོའི་ཆབ་སྲིད་རང་རྟོགས་དང་། འགན་འཁྲི་འཁུར་སེམས་ཆེན་པོ། རང་དོན་རྒྱབ་སྐྱུར་བཅས་ཀྱི་འབད་འཐབ་སྙིང་སྟོབས་ལ་བརྟེན་ནས་རོགས་སྐྱོར་བྱ་བ་ཏན་ཏིག་ངང་བསྒྲུབས་ཏེ་དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ཁག་ཐེག་བྱ་དགོས་ཞེས་བསྟན།
     ཚོགས་འདུའི་ཐོག་དུས་ལྟར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པ་དང་། ལག་བསྟར་དོན་འཁྱོལ་བྱ་ཐབས་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱེད་པ། རོགས་སྐྱོར་ལས་འགན་དོན་འཁྱོལ་ལེགས་པོ་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས“ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་མངོན་དགོས་ཞེས་བླང་བྱ་བཏོན།
    ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིང་སོགས་ལས་ཁུངས 6གིས་རོགས་སྐྱོར་བྱ་བ་སྤེལ་བའི་ཉམས་མྱོང་དང་བྱེད་ཐབས་མཚམས་སྦྱོར་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།