中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། 2019ལོའི་འབྲི་འོ་ཐོན་རྫས་འཕེལ་རྒྱས་གླེང་སྟེགས་འགོ་ཚུགས་པ།
དུས་ཚོད།2019-08-09 20:45:37     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ) ཟླ 8པའི་ཚེས 7ཉིན་གྱི་སྔ་དྲོར། ཀན་སུའུ་སྲིད་གཞུང་གིས་ཀྲུང་གོའི་འོ་རིགས་ཐོན་རྫས་བཟོ་ལས་མཐུན་ཚོགས་དང་། ཀན་སུའུ་ཉིན་རེའི་ཚགས་པར་ཁང་། ཀན་སུའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཀན་སུའུ་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཀན་སུའུ་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུས། ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱིས་མཉམ་དུ་སྤེལ་བའི 2019ལོའི་འོ་རིགས་ཐོན་ལས་འཕེལ་རྒྱས་གླེང་སྟེགས་དེ་ཀན་ལྷོའི་རིག་གནས་ཡུལ་སྐོར་འགྲེམ་ཚོགས་ལྟེ་གནས་སུ་འགོ་ཚུགས།
    ཐེངས་འདིའི་གླེང་སྟེགས་ཀྱིས“ཀྲུང་གོའི་འབྲི་གཡག་སྤུས་རྟགས་གཏོད་པ་དང་དབུལ་ཐར་མཁྲེགས་གཏོར་འབྱོར་འབྲིང་ལ་སྙེགས་པར་སྣེ་ཁྲིད་བྱེད་པ”ཞེས་པ་བརྗོད་དོན་གཙོ་བོ་བྱེད་པ་དང་། “གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཁྲིད་སྟོན་དུ་བཟུང་ནས་ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་སྤུས་རྟགས་གཏོད་པ་དང་། ཀན་ལྷོ་ཁུལ་གྱི་འབྲི་གཡག་གི་འོ་མའི་ཐོན་ལས་ཁྲོད་ཀྱི་ཞིབ་འཇུག་གསར་སྤེལ་གྱི་ལེགས་བབ་དང་སྔོན་ཐོན་གྱི་གནས་བབ་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་ཀྱི་དམིགས་འབེན་དུ་བཟུང་ནས་མུ་མཐུད་དུ་ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“རྒྱལ་ཡོངས་ཀྱི་མཐོ་སྒང་གི་ལྗང་མདོག་འབྲོག་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་མཐོ་ས”དང་མིང་དོན་མཚུངས་པའི“ཀྲུང་གོའི་འབྲི་གཡག་གི་འོ་མའི་གྲོང”བསྐྲུན་རྒྱུ་དེ་ཡིན།
    ཁེ་ལུའོ་ཏི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་གྱི་ཙུང་ལི་གཞོན་པ་ཁེ -ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་སི་མ་ཨན་ཤིས་མོ་ཉི་ཆི། ཁེ -ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲའོ་ལི་ཐ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན། ཀྲུང་གོ་མཉམ་སྦྲེལ་དྲ་བའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་པའི་ཚོགས་གཙོ། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྔོན་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། མི་དམངས་དྲ་བའི་སྔོན་གྱི་ཏུང་ཧྲི་ཀྲང་མ་ལི། “རྒྱུད་གཅིག་ལམ་གཅིག”གི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལི་རེན་ཡིང་། ཀྲུང་གོའི་འོ་རིགས་ཐོན་རྫས་བཟོ་ལས་མཐུན་ཚོགས་ཀྱི་མཚན་འཛིན་འགོ་གཙོ། རྒྱལ་སྤྱིའི་འོ་རིགས་མཉམ་འབྲེལ (IDF) ཀྲུང་གོའི་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་སུང་ཁུན་ཀང་། རྒྱལ་ཁབ་འོ་རིགས་ཐོན་རྫས་ཚོད་ལྟ་ཁང་གི་ཀྲུའུ་རེན། ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རེན་ཧྥ་ཀྲེང་། ཀྲུང་གོའི་ཞིང་ལས་གྲོང་གསེབ་པུའུ་ཡི་བཟའ་བཅའ་དང་འཚོ་བཅུད་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝང་ཅིན། ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་བྱེད་ལས་རང་བཞིན་གྱི་འོ་མ་དང་ཕན་སྐྱེ་འབུ་ཕྲའི་ལས་གྲྭའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཀྲང་ལན་ཝུའེ་དང་ཀན་སུའུ་ཞིང་ལས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་སློབ་གྲྭ་ཆེན་མོའི་ཆེད་མཁས 30ལྷག་འགོ་ཚུགས་མཛད་སྒོར་ཞུགས།
    སི་མ་ཨན་ཞི་མོ་ཉི་ཆི་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
    ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཧྲིན་ཧྥ་ཡིས་ཤིས་ཚིག་ཕུལ།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་འགོ་ཚུགས་མཛད་སྒོའི་གཙོ་འགན་ཁུར།
    ཀན་སུའུ་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་ཝང་ཀོང་ཆིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་སྤྱི་ཀྲའོ་ཏེ་ཨན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ། གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་སོགས་གླེང་སྟེགས་འགོ་ཚུགས་པའི་མཛད་སྒོར་ཞུགས།
    མི་དམངས་དྲ་བ་དང་། ཞིན་ཧྭ་དྲ་བ་སོགས་ཞིང་ཆེན་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར 50ལྷག་གིས་ཡུལ་དངོས་གསར་བསྒྲགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།