中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས་ཀན་ལྷོ་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ།
དུས་ཚོད།2019-08-09 20:46:27     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
༄༅།། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས་ཀན་ལྷོ་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ།
སྐབས་བཅུ་བའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ལ་རྩ་ཁོག་གླེང་སྟེགས་གཙོས་ནས་སྤེལ་བ།

 
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 8པའི་ཚེས 5ཉིན་གྱི་སྔ་དྲོར། ཀྲུང་གོའི་སྐྱེ་ཁམས་རིག་པའི་སློབ་ཚོགས་དང་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཉམ་དུ་སྒྲུབ་པའི་སྐབས་བཅུ་བའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ལ་རྩ་ཁོག་གླེང་སྟེགས་གཙོས་ནས་འགོ་ཚུགས། གླེང་སྟེགས་དེ“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས་ཀན་ལྷོ་ལྗང་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་པ”ཞེས་པ་བརྗོད་དོན་གཙོ་བོ་བྱས་ནས་སྤེལ།
    ཁོར་ཡུག་ལས་གྲྭའི་ཆེད་མཁས་དང་། ཀྲུང་གོའི་ལས་གྲྭ་གླིང་གི་ཁོངས་མིའམ་ཆིན་ཧྭ་སློབ་ཆེན་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་ཆན་དབྱི་དང་། མེ་རིའི་ས་གཤིས་དང་རབས་བཞི་བའི་ས་གཤིས་རིག་པའི་མཁས་ཅན་ནམ་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ལིའུ་ཅ་ཆི། ཧུའུ་ནན་ཞིང་ལས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གཙོ། ཀྲུང་གོའི་ལས་གྲྭ་གླིང་གི་ཡོན་ཧྲི་ཙོའུ་ཞུའེ་ཞའོ། ཀྲུང་གོའི་སྐྱེ་ཁམས་རིག་པའི་སློབ་ཚོགས། ཀྲུང་གོའི་ཚན་རིག་གླིང་གི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ནམ་ཞིབ་འཇུག་པ་ཨོའུ་དབྱང་ཀྲི་ཡུན་སོགས་རིག་གཞུང་ལས་རིགས་ཀྱི་སྙན་གྲགས་ཅན་དང་རིགས་གཅིག་པའི་མཁས་ཅན 50ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས།
    ཨོའུ་དབྱང་ཀྲི་ཡོན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་དགའ་བསུའི་ཤིས་ཚིག་ཕུལ།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་འགོ་ཚུགས་མཛད་སྒོའི་གཙོ་འགན་ཁུར།
    གླེང་སྟེགས་འགོ་ཚུགས་པའི་མཛད་སྒོར་ཞུགས་པར་ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་། ཧོ་མོའུ་པའོ། ཧྲི་ཀྲན་ལིའང་། ཝང་ཧྲང་ཞུའེ། ལུའི་ཀྲེ་ཅུན། དབྱང་ཀྲི་ཚའེ། ཝང་ཅན་ཅུན། ཝང་ཧྥང་། ཝང་ཡ་ནན་བཅས་ཡོད།
    ཨོའུ་དབྱང་ཀྲི་ཡོན་གྱིས་ཤིས་ཚིག་ཕུལ་སྐབས་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ལ་རྩ་ཁོག་གླེང་སྟེགས་སྤེལ་ནས་ལོ 10ལོན་ཡོད་ལ། སྐབས་འདིའི་གླེང་སྟེགས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་འདུ་ཤེས། སྒྲིག་སྲོལ་སྒྱུར་བཅོས་ལ་གཞིགས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ཀན་སུའུ་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་ཞིང་ལས་འཕེལ་རྒྱས་གཏོང་སྟངས་གཏོད་པ་སོགས་ཀྱི་ཐད་བརྗེ་རེས་གཏམ་བཤད་སྤེལ་ནས་ཀན་ལྷོ་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཀན་ལྷོའི་ལྗང་མདོག་འཕེལ་རྒྱས་མགྱོགས་མྱུར་མངོན་འགྱུར་ཡོང་རྒྱུར་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་འགན་ལེན་བྱ་དགོས་ཞེས་བཤད།
    ཀན་ལྷོ་ཁུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་བརྒྱད་ཀྱི་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ། ལས་བགོས་རྫོང་དང་གྲོང་ཁྱེར་གྱི་འགོ་གཙོ། རྫོང་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ། ཀན་ལྷོ་ཁུལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཁག་དང་ནགས་ཚལ་སྤྱི་གླིང་དོ་དམ་ཅུས་ཀྱི་འགན་ཁུར་བ་སོགས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས།
    མི་དམངས་དྲ་བ་དང་། ཧྥེང་ཧོང་དྲ་བ། ཤིན་ཧྭ་དྲ་བ། ཀན་སུའུ་ཞིང་ཆེན་གྱི་གསར་འགྱུར་སྨྱན་སྦྱོར་ཆེ་གྲས་ཁག་དང་དྲ་རྒྱའི་སྨྱན་སྦྱོར་སོགས་གསར་འགྱུར་སྨྱན་སྦྱོར 70ལྷག་ཙམ་གྱིས་ཡུལ་དངོས་གསར་བསྒྲགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།