中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྐབས་བཅུ་དྲུག་པའི་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་ཚོགས་པ།
དུས་ཚོད།2019-09-05 08:52:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 8པའི་ཚེས 27ཉིན་ལ། སྐབས་བཅུ་དྲུག་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་གཙོས་སུ་ཚོགས། སྔ་དྲོའི་ཆུ་ཚོད 9ཡི་ཐོག་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚོགས།
   ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ། ལི་རུའེ་ཕིན། དབྱང་ཀྲི་ཚའེ། དབྱང་ཁྲང་ཏེ། དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན། རྒྱུན་ཨུ་ཁང་གི་ཁོངས་མི་སོགས་བསྡོམས་པས་མི 25གྲོས་ཚོགས་སུ་ཞུགས།
   ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅན་གོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
   ཁུལ་ཨུའི་རྒྱུན་མུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ། རྫོང་སོ་སོ་དང་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། སྐབས་བཅུ་དྲུག་པའི་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཁྲིམས་འཛུགས་བློ་འདྲི་ས་སྐོར་ཞིག་དང་སྐབས་བཅུ་དྲུག་པའི་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་འཐུས་ཚབ་པ་སྐོར་ཞིག་གྲོས་ཚོགས་སུ་ཟུར་ཞུགས་བྱས།
   གྲོས་ཚོགས་ཀྱིས་ཐེངས་འདིའི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྙན་ཞུ་དང་གྲོས་གཞི། འབྲེལ་ཡོད་ཞིབ་བཤེར་སྙན་ཞུ་བཅས་ལ་གཅིག་བསྡུས་ཀྱིས་ཉན།
   ཁུལ་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར་ན། ཚོགས་འདུའི་ཐོག་ཁུལ་གོང་འཕེལ་དང་བཅོས་སྒྱུར་ཨུ་ལྷན་གྱི་འགན་ཁུར་བས 2019ལོའི་ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། ཁུལ་ནོར་སྲིད་ཅུས་ཀྱི་འགན་ཁུར་བས 2019ལོའི་ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། 2018ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན། འབྲེལ་ཡོད་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་འཆར་ཟིན་བཅས་ཀྱི་སྙན་ཞུ་ཕུལ་བ་དང་། ཁུལ་རྩིས་བཤེར་ཅུས་ཀྱི་འགན་ཁུར་བས 2018ལོའི་ཁུལ་ཡོངས་ཀྱི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ་བ་མ་ཟད། ནོར་སྲིད་ངེས་རྩིས་འཆར་ཟིན་དང་འབྲེལ་ཡོད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཞིབ་བཤེར་བྱས་འབྲས་སྐོར་གྱི་ཁུལ་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལ་ཡང་ཉན།
   དེ་དང་ཆབས་ཅིག་ཚོགས་འདུའི་ཐོག་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁུལ་ཡོངས་ཀྱི་སྤྱི་ཕན་གཏུག་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག(འཆར་ཟིན)ཞིབ་བཤེར་བྱས་རྗེས་བཟོ་བཅོས་བརྒྱབ་པའི་གནས་ཚུལ་དང་ཞིབ་བཤེར་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། ཁུལ་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའིཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནོར་དང་ལུག་སྲུང་སྐྱོང་དང་འཕེལ་རྒྱས་སྲོལ་ཡིག(འཆར་ཟིན)བཟོ་འགོད་སྐོར་གྱི་གསལ་བཤད་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཞིང་སྡེ་དང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུ་ལ་ཉན། ཁུལ་མི་དམངས་སྲིད་གཞུང་གིབློ་མཐུན་ལིའུ་ཡུང་ཀོའི་གོ་གནས་འཐེན་པའི་སྐོར་ལ་ཕུལ་བའི་གྲོས་གཞིདང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིབློ་མཐུན་སྐལ་བཟང་ཚེ་རིང་སོགས་ཀྱི་གོ་གནས་བསྐོ་འཐེན་སྐོར་ལ་ཕུལ་བའི་སྙན་ཞུལ་ཉན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།