中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་པ།
དུས་ཚོད།2019-09-05 08:53:17     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 8པའི་ཚེས 29ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་བྱ་བར་སྐུལ་འདེད་གཏོང་བའི་གྲོས་ཚོགས་བསྡུས་ཏེ། གནད་དོན་འཚོལ་ཞིབ་དང་རྒྱུ་རྐྱེན་གྱི་འབྱུང་རྩར་དབྱེ་ཞིབ། བྱ་ཐབས་ལ་ཞིབ་འཇུག་བཅས་བྱས། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ་ཀན་སུའུ་ལ་གཟིགས་ཞིབ་གནང་རིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་གནད་དོན་སྣ་ཚོགས་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱ་དགོས་ཞེས་ནན་གྱིས་བསྟན།
   ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཚན་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དག་ཐེར་བྱ་བ་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ“འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང་། གདེང་ཚོད་བཞི”བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས”རྒྱུན་འཁྱོངས་བྱེད་པའི་མཚོན་ཚུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁོར་ཡུག་གི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཀྱི་མ་མཐའི་ཚད་གཞི་གཏན་སྲུང་བྱས་ནས་བཅོས་སྒྲིག་བྱ་བའི་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་བྱ་དགོས་ཞེས་ནན་གྱིས་བསྟན།
   ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིGDPཡི་འཆིང་ཐག་དོར་བ་དང་སྐྱེ་ཁམས་སྲུང་སྐྱོང་གི་འཆིང་ཐག”དམ་པོར་བཅིངས་པསྲུང་སྐྱོང་ལ་སྣང་ཆེན་དང་བཅོས་སྐྱོང་ལེགས་པོ་བྱེད་པ”མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ནསསྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་གི་གནད་དོན་གཙོ་བོ་ཐག་གཅོད་བྱ་རྒྱུར་ཤུགས་བསྣན་ཏེ་མཛེས་སྡུག་ལྗང་མདོག་གི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་གནད་དོན་དག་ཐེར་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས་ཞིང་ཆེན་གྱིཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་བའི་ཁོར་ཡུག་ཡིག་བསྐུར་ངོ་གཏུག་གནད་དོན་ཐག་གཅོད་བྱ་བ་མུ་མཐུད་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བྱ་ཐབསདངཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་བ་བཅའ་སྡོད་བྱས་ནས་ལྟ་ཞིབ་མཇུག་སྒྲིལ་རྗེས་ཀྱི་འབྲེལ་ཡོད་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོཡི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་བྱས།
   ཁུལ་ཚན་ཁག་ཆེན་མོ་བཞིའི་ལས་བགོས་འགོ་ཁྲིད་པ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དང་དེ་བཞིན་གཙོ་གནད་གཏེར་འདོན་ཁེ་ལས་ཀྱི་འགན་ཁུར་བ་སོགས་ཚོགས་འདུར་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།