中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་པ།
དུས་ཚོད།2019-09-05 08:54:45     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 8པའི་ཚེས 27ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།
   ཞུས་ཆང་དང་ཧོ་མོའུ་པའོ། དབྱང་ཞུང་། ཧྲི་ཡོན་ཧྥུན། ལུའི་ཀྲེ་ཅུན། ལིའུ་ཡུང་གོ་སོགས་ཁུལ་ཚན་ཁག་ཆེན་མོ་བཞིའི་འགོ་ཁྲིད་པ་དང་ས་གནས་རིམ་པ་གཞོན་པ་ཡན་གྱི་ལས་ཁུངས་སུ་ཡོད་པའི་འགོ་ཁྲིད་པ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་སྒྲོལ་མ་བཅས་གྲོས་ཚོགས་སུ་ཞུགས།
   ཡུས་ཁྲིན་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་ལ་ཡོང་ནས་གཟིགས་ཞིབ་མཛད་པ་དེས་ང་ཚོ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བར་བསྟན། ང་ཚོ་ལ་མཚོན་ན་འགན་ཁུར་གལ་ཆེན་དང་ཐོབ་དཀའ་བའི་གོ་སྐབས་འདོན་སྤྲོད་བྱས། ཀན་ལྷོ་བོད་ཁུལ་གྱི་ཕྱོགས་སོ་སོའི་བྱ་བར་ཡར་ཐོན་མངོན་གསལ་ཡོང་བ་དང་རྣམ་པ་ཡག་པོ་བྱུང་བའི་གཞི་རྩ་ནི་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་བོད་སྐྱོང་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་པས་ཡིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏན་ཁེལ་བྱས་པའི་འབད་བརྩོན་དམིགས་འབེན་དམ་པོར་བཟུང་ནས་ལག་བསྟར་དང་རྒྱུན་འཛིན་བྱེད་པ། མངོན་འགྱུར་ཡག་པོ་བྱེད་པ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་ཞལ་གདམས་སེམས་སུ་བཟུང་ནས། མུ་མཐུད་དུ་ཀན་ལྷོ་བོད་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
   ཡུས་ཁྲིན་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱ་རྒྱུ་དེ་གཙོ་བོ་དངོས་སུ་སྒྲུབ་པ་དང་གྲུབ་འབྲས་ཐོན་མིན་ལ་རག་ལས་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་བླང་བྱ་དེ་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཏུ་བརྩིས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བྱ་བ་ཡག་པོ་བསྒྲུབས་ཏེ་འགན་འཁྲི་དེ་ཉིད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་དང་དམངས་ཕྱུག་ཁུལ་དར་གྱི་རྣམ་པ་གསར་བ་གཏོད་པའི་ཕན་འབྲས་དངོས་ལ་འགྱུར་བ་བྱས་ཏེ་ཧུར་ཐག་གིས་དུས་རབས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་གཏོད་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།