中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་པ་སློབ་སྦྱོང་བྱས་པ།
དུས་ཚོད།2019-09-13 14:26:22     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)   ཉེ་ཆར། ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་མཛད་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
    གྲོས་ཚོགས་ཀྱིས་ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས། ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་རང་གི་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ཏེ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་བསམ་བློ་བརྗེ་རེས་དང་། རིམ་པ་དབྱེ་ནས་སློབ་སྦྱོང་དང་གསོ་སྦྱོང་། བྱ་བ་ཁོང་དུ་ཆུད་པར་བྱས་ནས་བསམ་བློར་དངོས་གནས་དྲག་སྤྲས་གཏོང་བ་དང་། ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་བཅས་བྱ་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་བྱ་རྒྱུའི”སྐོར་གྱི་མཛུབ་སྟོན་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། ཁྲིམས་སྐྱོང་དང་དུས་བདེའི་ཀན་ལྷོའི་འཛུགས་སྐྲུན་ལ་སྐུལ་འདེད་དང་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དང་བདེ་འཇགས་ཀྱི་ཚོར་བ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།།
   ཉེ་ཆར། ལིན་ཐན་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིག་ཨུའི་རྒྱུན་ཨུའི་ཚོགས་འདུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའི་ཚོགས་འདུ་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་མཛད་སྐབས་སུ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
    གྲོས་ཚོགས་ཀྱིས། ཤང་དང་གྲོང་རྡལ་ཁག་གི་སྒྲིག་ཨུ་དང་བཅའ་སྡོད་ལས་ཁུངས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ལྟ་ཞིབ་པའི་འགན་འཁྲི་ཁུར་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྐྱོང་སོགས་གཙོ་གནད་བྱ་བ་ནན་མོ་སྤེལ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་དགོས་ལ། གསུང་བཤད་ཀྱི་དགོངས་དོན་དེ་དོན་དངོས་ཀྱི་བྱ་བའི་ཁྲོད་སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་མཛུབ་ཁྲིད་ནུས་ལྡན་བྱ་དགོས་པའི་བླང་བྱ་བཏོན།།
   ཉེ་ཆར། ཅོ་ནེ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུའི (རྒྱ་བསྐྱེད) ཚོགས་འདུ་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་མཛད་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
    ཚོགས་འདུ་ཡིས་རྫོང་ཡོངས་ཀྱི་སྒྲིག་གཤེར་ལྟ་ཞིབ་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་མཛད་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ། རྫོང་ཨུའི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱ་དགོས་ཞེས་ནན་གྱིས་བསྟན།།
     (དངོས་སྦྱོང་སློབ་མ་བཀྲ་ཤིས་སྐྱིད་དང་སྒྲོལ་མས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།