中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས།
དུས་ཚོད།2019-09-13 14:31:26     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9བའི་ཚེས 2ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་གྱིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའི་གནད་དོན་སྒྲིག་བཅོས་ལག་བསྟར་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།
    གྲོས་ཚོགས་ཀྱིས 《ཀན་ལྷོ་ཁུལ་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་སྐྱེ་ཁམས་གནོད་ཐེབས་གནད་དོན་ཆེད་དོན་སྒྲིག་བཅོས་ཇུས་གཞི》དང 《ཀན་ལྷོ་ཁུལ་གསེར་གཏེར་ཐོན་ཁུངས་གསར་སྤེལ་གྱི་སྐྱེ་ཁམས་གནོད་ཐེབས་གནད་དོན་ཆེད་དོན་སྒྲིག་བཅོས་ཇུས་གཞི》གྲོས་བསྡུར་དང་གྲོས་ཞིབ་བྱས་ཤིང་། “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་ནག་སེལ་གཤེད་བཅོམ་བྱ་བར་ལྟ་སྐུལ་སློབ་སྟོན་བྱེད་པའི་གནད་དོན་སྒྲིག་བཅོས་བྱེད་པའི་བྱ་བ་བཀོད་སྒྲིག་བྱས།
    ཁུལ་ཨུའི་རྒྱུན་ཨུ་བཀྲ་ཤིས་འཚོ་དང་ཧོ་མོའུ་པའོ། དབྱང་ཞུང་། ཧུའུ་ཞའོ་ཧྥུན། དབྱང་ཅུན། ཝང་ཧྲང་ཞུའེ། ལུའེ་ཀྲེ་ཅུན། ལིའུ་ཡུང་ཀོ་བཅས་གྲོས་ཆོགས་སུ་ཞུགས་པ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གྲོས་ཚོགས་སུ་ཟུར་ཞུགས་བྱས། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དང་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་། རྨ་ཆུ་རྫོང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ། ཁུལ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་གྱི་སྐྱེ་ཁམས་གནོད་སྐྱོན་གནད་དོན་ཆེད་དོན་སྒྲིག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་ཁོངས་མི་གྲོས་ཚོགས་སུ་ཟུར་ཞུགས་བྱས།
    གྲོས་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་ལ་ཕེབས་ནས་གཟིགས་ཞིབ་མཛད་པ་དེས་ང་ཚོ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། ང་ཚོ་ལ་མཚོན་ན་འགན་ཁུར་གལ་ཆེན་དང་ཐོབ་དཀའ་བའི་གོ་སྐབས་འདོན་སྤྲོད་བྱས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་འབད་བརྩོན་དམིགས་འབེན་དམ་པོར་བཟུང་ནས་ལག་བསྟར་དང་རྒྱུན་འཛིན། མངོན་འགྱུར་ཡག་པོ་བྱ་དགོས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་ཞལ་གདམས་སེམས་སུ་བཟུང་ནས། མུ་མཐུད་དུ་ཀན་ལྷོ་བོད་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་བྱ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ལ། མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་དང་དུས་རབས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་གཏོད་དགོས་ཞེས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།