中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གྲོང་གསེབ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བྱ་བའི་ཆེད་དོན་ཞིབ་འཇུག་བྱས་པ།
དུས་ཚོད།2019-09-19 11:22:35     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9བའི་ཚེས 11ཉིན་གྱི་དགོང་མོ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཚོགས་འདུའི་གཙོ་འགན་ཁུར་ནས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་བྱ་བའི་ཆེད་དོན་ཞིབ་འཇུག་བྱས་པ་དང་། ཁོས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་པ། བར་མཐོངས་རྒྱ་སྐྱེད་གཏོང་བ། ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འཆར་འགོད་མཐོ་རུ་གཏོང་བ། ཁོར་ཡུག་དམ་འཛིན་ཡག་པོ་བྱེད་པ། དམ་འཛིན་གནད་ལ་འཁེལ་བ་བྱེད་པ། མཉམ་འགུལ་ལ་ཤུགས་སྣོན་པ། སྤུས་རྟགས་གཏོད་པ་བཅས་བྱས་ནས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་རྨང་གཞི་བརྟན་དུ་གཏོང་བ་དང་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་ཤུགས་བསྣན་ནས་ལྗོངས་གཟིགས་སྟེགས་བུ་དང་། ཡུལ་སྐོར་གསང་སྤྱོད། ཡུལ་སྐོར་འགྲོ་ལམ། མཚོན་རྟགས་མ་ལག་ཡུལ་སྐོར་བའི་ངལ་གསོའི་སྒྲིག་བཀོད། ཁོར་ཡུག་གི་རྣམ་པ། ཡུལ་སྐོར་རྣམ་གྲངས་དང་ཆུ། གློག་གི་དྲ་རྒྱའི་འོད་སྐུད་སོགས་རྨང་གཞིའི་སྒྲིག་བཀོད་ཇུས་འགོད་དང་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཐོན་རྫས་གསར་གཏོད་མགྱོགས་སུ་གཏོང་བ་དང་བྱ་བའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རིག་གནས་ཀྱི་ནང་དོན་དང་གཤིས་རྒྱུད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། “ཐོན་རྫས་གཅིག”དང་། “ཁྱིམ་ཚང་གཅིག་ལ་སྒྱུ་རྩལ་གཅིག”གི་ཁྱད་ལྡན་རིག་གནས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་སྐྱེད་སྲིང་བྱེད་པ། འཛད་སྤྱོད་ཀྱི་དགོས་མཁོར་དམིགས་ནས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ། འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཧྲང་ཞུའེ། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན། ཝང་ཧྥང་། ཁུལ་ཨུའི་ཁ་གཏད་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་། ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཁུལ་རིག་གནས་ཡུལ་སྐོར་ཅུས། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས། ཁུལ་ཞིང་ལས་གྲོང་གསེབ་ཅུས། ཁུལ་རིག་གནས་ཡུལ་སྐོར་འཛུགས་སྐྲུན་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་སོགས་ཁུལ་ཐད་གཏོགས་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་དག་ཚོགས་འདུར་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།