中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་རིགས་གཞུང་སློབ་སྦྱོང་བྱེད་པའི་གཙོ་འགན་ཁུར།
དུས་ཚོད།2019-09-19 11:23:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9བའི་ཚེས 11ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཀན་ལྷོ་ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་གྲོས་ཚོགས་སློབ་སྦྱོང་བྱེད་པའི་གཙོ་འགན་ཁུར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་བྱེད་པའི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་དང་བརྗེ་རེས་ཞིབ་བསྡུར་བྱས་པའི་གཏམ་བཤད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་མཛད་རྗེས་ཀྱི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས།
    ཁུལ་ཐོག་གི་འགོ་ཁྲིད་ཀྲའོ་ལིན་ཡུན་དང་ཞུས་ཆང་། དབྱང་ཝུའུ། ཝང་ཧྲང་ཞུའེ། དབྱང་ཅན་གོ དབྱང་ཀྲི་ཚའེ། ཨན་ཞུས་ལིན་སོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན། བྱ་བའི་དངོས་ལ་གཞིགས་ནས་བརྗེ་རེས་ཀྱི་གཏམ་བཤད།
    བཀྲ་ཤིས་འཚོ་དང་ཧོའུ་ཞའོ་ཧྥུན། དབྱང་ཅུན་སོགས་ལས་གནས་སུ་ཡོད་པའི་འགོ་ཁྲིད་དག་གྲོས་ཚོགས་སུ་ཞུགས།
    ཡུས་ཁྲིན་ཧུའེ་ཡིས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ་ཐོག་མའི་ཕུགས་འདུན་སྐྱེད་སྲིང་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་མཛད་སྐབས་སུ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བྱ་བ་བསྒྲུབས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་གུང་ཁྲན་ཏང་གི་བྱ་གཞག་ཡིན་ཞེས་བསྟན།
    མཇུག་ཏུ་ཡུས་ཁྲིན་ཧུའེ་ཡིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཡི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་བྱ་བ་ཡོངས་ཀྱི་གཅིག་འདོམས་དང་བྱ་བ་མཐའ་དག་གི་གཙོ་ཐིག་ཏུ་བཟུང་ནས་ལག་ལེན་ཁྲོད་མཐའ་འཁྱོངས་ཡག་པོ་བྱེད་པ་དང་། དོན་འཁྱོལ་ཡག་པོ་བཅས་བྱ་དགོས་ཞེས་ནན་གྱིས་བསྟན། ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“སྤྱོད་ཚུལ་བཞིའི”གནད་དོན་རྒྱུན་ཆད་མེད་པར་སྒྲིག་བཅོས་བྱས་ཏེ་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཧུར་ཐག་བཏོད་དེ་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱ་དགོས་པ་དང་། དོན་འཁྱོལ་ལ་མཐོང་ཆེན་དང་། དོན་འཁྱོལ་ལ་སྐུལ་འདེད། དོན་འཁྱོལ་བྱེད་པར་འགན་ལེན་བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་རང་ཉིད་བློས་གཏོང་བ་དང་འགན་འཁྲི་འཁུར་ཕོད་པའི་འགན་འཁྲི་འཁུར་སེམས་དང་། དུས་ཚོད་ཀྱིས་རང་ལ་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་བཅངས་ནས་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་སྤྱོད་ཚུལ་ནན་པོ་འཛིན་དགོས་ཞེས་ནན་གྱིས་བསྟན།
    ཚོགས་འདུར་ཞུགས་མཁན་གྱི་གྲས་སུ་ད་དུང་ལྟེ་གནས་ཚན་ཆུང་གི་མི་སྣ་སོ་སོ་དང་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་ཡོད།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།