中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ནས། ཁྲིམས་ལྟར་དོ་དམ་བྱེད་པར་བརྟེན་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ།
དུས་ཚོད།2019-10-23 08:55:18     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།

 

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)  ཁུལ་ཨུའི་རྒྱུན་ཨུ་ཁང་གི“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ལྟར། ཟླ 10བའི་ཚེས 15ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་དུ་སོང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་དགོན་སྡེའི་དོ་དམ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། ཁྲིམས་ལྟར་དོ་དམ་བྱེད་པར་བརྟེན་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
    ཉིན་དེའི་སྔ་དྲོར་ཡུས་ཁྲིན་ཧུའེ་ཐོག་མར“ཀན་ལྷོའི་སྡེ་བ་དང་བོའི”མཚན་སྙན་ལྡན་པའི་བསང་ཆུ་རྫོང་ཆུ་སྔོན་གྲོང་རྡལ་ཤིང་སྒོ་སྡེ་བ་རུ་སོང་ནས་ཡུལ་དངོས་ལྟ་ཞིབ་དང་ཁྱིམ་དུ་སོང་ནས་བཅར་འདྲི་བྱས་པ་དང་། བཞུགས་མོལ་བརྗེ་རེས་བཅས་ཀྱི་བྱ་ཐབས་སྤྱད་ནས་བོད་རིགས་སྤྲོ་སྐྱིད་ཁང་སྒྱུར་བཀོད་རིམ་སྤོར་དང་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་རྟོག་ཞིབ་ཞིབ་ཕྲ་བྱས་ལ། ཁོས་འདི་ནི་རྒྱལ་ལམ 213རྒྱུད་ཀྱི་ཀན་ལྷོའི་མངའ་ཁོངས་ཀྱི་སྡེ་བ་དང་བོ་ཡིན་པ་དང་། ཀན་ལྷོའི“སྒོ་མོ”ཡང་ཡིན་པས། སྐྱེ་ཁམས་ཀྱི་སྔོ་ཁེབས་བཟང་བ་དང་། བབ་ཆགས་ཀྱི་ཡུལ་སྲོལ་གོམས་གཤིས། མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅས་བེད་སྤྱོད་གང་ལེགས་བྱས་ཏེ། ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་། རང་གཤིས་ཀྱི་ཁྱད་ཆོས་འབུར་ཐོན། འགོ་འཛུགས་ས་མཐོན་པོ་ནས་འཆར་འགོད་བཟོ་བ་བཅས་བྱ་དགོས་ལ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་བརྟེན་ནས་བྱེད་པའི་གཞིར་བྱས་ནས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་མིང་བྱང་ཏན་ཏིག་གིས་གཏོད་དགོས་ཞེས་བསྟན།
    དེའི་རྗེས་སུ་ཡུས་ཁྲིན་ཧུའེ་ཀིརྟི་དགོན་པར་སོང་ནས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲྭ་བའི་འཚོ་བའི་འགན་ལེན། དགོན་སྡེའི་གསར་གཏོད་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་གནས་ཚུལ་རྟོག་ཞིབ་བྱས་པ་དང་། ཁོས་དགོན་སྡེ་དོ་དམ་གྱི“འགག་རྩ”དམ་པོར་བཟུང་ནས་ཏང་གི་ཆོས་ལུགས་བྱ་བའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བྱ་བ་ཁྲིམས་ལྟར་དོ་དམ་བྱེད་པ། རྒྱལ་གཅེས་ཆོས་གཅེས་དང་། སྡོམ་སྲུང་ཁྲིམས་སྲུང་བཅས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱ་དགོས་ཞེས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།