中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། s10ཧྥུན་རྫོང(ཧྲན་ཞི)ནས་གཙོས་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཅོ་ནེ་ནས་གཙོས་དུམ་ཚན་གྱི་རིམ་དང་པོའི་དུས་ལས་གྲྭ་འཛུགས་སྐྲུན་བྱེད་པའི་སྐུལ་སློང་ཚོགས་ཆེན་གཙོས་སུ་ཚོགས།
དུས་ཚོད།2019-10-25 16:17:38     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 10བའི་ཚེས 23ཉིན་ལ། S10ཧྥུན་རྫོང(ཧྲན་ཞི)ནས་གཙོས་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཅོ་ནེ་ནས་གཙོས་དུམ་ཚན་གྱི་དུས་རིམ་དང་པོའི་ལས་གྲྭ་འཛུགས་སྐྲུན་བྱེད་པའི་སྐུལ་སློང་ཚོགས་ཆེན་གཙོས་སུ་ཚོགས།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གིས་ལས་འགོ་འཛུགས་པའི་བཀའ་རྒྱ་ཁྱབ་བསྒྲགས་བྱས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་སྐོར་ཞིབ་པ་གཞོན་པ་དབྱང་ཧུའེ་ལིན་སྐུལ་སློང་ཚོགས་ཆེན་དུ་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མུའུ་པའོ་སྐུལ་སློང་ཚོགས་ཆེན་དུ་ཞུགས་པ་མ་ཟད་གཏམ་བཤད། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཧྲང་ཞུའེ་ཡིས་སྐུལ་སློང་ཚོགས་ཆེན་གྱི་གཙོ་འགན་ཁུར། ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་ཡིས་ལས་གཞི་གནས་ཡུལ་གྱི་ཚབ་བྱས་ནས་གཏམ་བཤད།
    ཚོགས་ཐོག་ཏུ་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འགན་ཁུར་བས་ལས་གཞིའི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་པ་དང་། ཀན་སུའུ་རྒྱང་རིང་ལམ་ལས་ཚོགས་པ་ཀུང་སིའི་འབྲེལ་ཡོད་འགན་ཁུར་བས་བསམ་ཚུལ་མཚོན་པའི་གཏམ་བཤད་ཅིང་། ཨར་ལས་སྡེ་ཚན་གྱིས་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་བའི་ཚབ་བྱས་ཏེ་གཏམ་བཤད་སྤེལ།
    ཧོ་མུའུ་པའོ་ཡིས་འགྲིམ་འགྲུལ་ནི་དམངས་འཚོའི་རྩ་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཅོ་ནེ་ནས་གཙོས་བར་གྱི་མྱུར་བགྲོད་གཞུང་ལམ་དེ་རང་ཁུལ་གྱི“རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི”གཙོ་གནད་འཛུགས་སྐྲུན་གྱི་ལས་གཞི་ཞིག་ཡིན་པས། འཛུགས་སྐྲུན་གྲུབ་རྗེས། ཅོ་ནེ་དང་ལིན་ཐན་དང་གཙོས་བཅས་རྫོང་གྲོང་ཁྱེར 3གྱི་ཤང་གྲོང 10བར་སྦྲེལ་མཐུད་དང་སྐུལ་ཁྲིད་བྱེད་པའི་མྱུར་བགྲོད་གཞུང་ལམ་གྱི་འཕར་རྩ་ཆེན་པོ་ཞིག་ཏུ་གྱུར་ནས། ཁྱད་ལྡན་བབ་བཟང་ཐོན་ཁུངས་གསར་སྤེལ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། མི་ཚོགས་ཀྱི་བཞུར་རྒྱུན་དང་དངོས་ཟོག་སྐྱེལ་འདྲེན། ཆ་འཕྲིན་བཅས་ཀྱི་མྱུར་འཇུག་ལ་སྐུལ་ཁྲིད་བྱེད་པ། སྐོར་གསར་བའི་གནད་ཁེལ་དབུལ་སྐྱོར་མཁྲེགས་གཏོར་གྱི་འཕེལ་རིམ་ཇེ་མགྱོགས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཐུབ་པ་བཅས་ལ་འཐབ་ཇུས་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།
    ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ལ་གཏོགས་ཤིང་ཀན་ལྷོར་སྡོད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ། ཁུལ་འགྲིམ་འགྲུལ་ལས་གཞི་གཙོ་བོའི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཚན་གྱི་འགན་ཁུར་བ། གཙོས་གྲོང་ཁྱེར་དང་ལིན་ཐན་རྫོང་དང་ཅོ་ནེ་རྫོང་གསུམ་གྱི་ལས་བགོས་འགོ་ཁྲིད་པ། རྫོང་གྲོང་ཁྱེར་གསུམ་གྱི་འབྲེལ་ཡོད་སྡེ་ཁག་དང་ལས་གཞི་ལམ་རྒྱུད་ཀྱི་ཤང་དང་གྲོང་རྡལ་གྱི་འགན་ཁུར་བ་གཙོ་བོ། ལས་གཞི་དོ་དམ་སྡེ་ཚན་དང་ལྟ་ཞིབ་དོ་དམ་སྡེ་ཚན། ཇུས་འགོད་ཨར་ལས་སྡེ་ཚན་གྱི་འགན་ཁུར་བ་དང་མང་ཚོགས་ཀྱི་འཐུས་ཚབ་བཅས་བསྡོམས་པས་མི 600ལྷག་སྐུལ་སློང་ཚོགས་ཆེན་དུ་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།