中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་དང་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་གྱི་རང་སྦྱོང་གྲུབ་འབྲས་སྤེལ་རེས་གྲོས་ཚོགས་ཚོགས་པ།
དུས་ཚོད།2019-10-25 16:33:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 10ཚེས 22ཉིན་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ(རྒྱ་སྐྱེད)གྲོས་ཚོགས་དང་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་གྱི་རང་སྦྱོང་གྲུབ་འབྲས་སྤེལ་རེས་གྲོས་ཚོགས་གཙོས་སུ་ཚོགས།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་གཏམ་བཤད། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་། ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ལི་རུའེ་ཕིན་དང་དབྱང་ཅན་གོ དབྱང་ཀྲི་ཚའེ། དབྱང་ཁྲང་ཏེ། དེ་མིན་ཏང་ཙུའུ་ཡི་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན་བཅས་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་སུ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་བརྗོད་དོན་གཙོ་བོའི་སློབ་གསོའི་ལྟ་ཞིབ་གནད་དོན་གྱི་བྱ་བའི་ཇུས་གཞི་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དང་བསྡུར་ནས་ཧེ་བག་འཚོལ་བའི་བྱ་བའི་ཇུས་གཞིར་ཞིབ་འཇུག་དང་གཏན་འབེབས་བྱས་ཤིང་། རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི“ཐོག་མའི་ཕུགས་འདུན་མི་བརྗེད་པར་། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཏང་ཙུའུ་དང་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ 70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། སྐབས་བཅུ་དགུ་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་དམངས་ཆེན་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཏང་ཙུའུ་ཡི“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་རང་སྦྱོང་གྲུབ་འབྲས་སྤེལ་རེས་བྱས།
    ཨན་ཅིན་ལུང་གིས“མཐོར་འདེགས་གསུམ”ལ་དམིགས་ནས་སློབ་སྦྱོང་དང་སློབ་གསོ་རྒྱུན་མཐུན་ངང་གཏིང་ཟབ་ཏུ་སྤེལ་དགོས་ལ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་འཇོན་ཐང་ཇེ་མཐོང་གཏོང་བ་དང་། ཐོག་མའི་ཕུགས་འདུན་སྲུང་ཞིང་འགན་འཁྲི་འཁུར་ཐུབ་པའི་རང་རྟོགས་ཀྱི་ཆུ་ཚད་དང་། ཤེས་པ་དང་ཉམས་ལེན་ཟུང་འབྲེལ་གྱི་ཆུ་ཚད་བཅས་ཇེ་མཐོར་གཏོང་དགོས་ཞེས་བསྟན་པ་མ་ཟད། “ལྷོད་གཡེང་མི་བྱེད་པ་གསུམ”བསྒྲུབ་ཐུབ་པ་བྱས་ནས། ཕན་འབྲས་ལ་དམ་པོར་དམིགས་པ་དང་དག་ཐེར་དོན་འཁྱོལ་དམ་འཛིན་བཟང་བོ་བྱ་དགོས་ལ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱིས་བསམ་འཆར་མང་བོ་བཏོན་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྐྱིད་དང་བདེ་འཇགས་ཀྱི་ཚོར་སེམས་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།