中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ངར་ཤུགས་གཅིག་སྒྲིམ་གྱིས་དབུལ་ཕོངས་ཀྱི་མཐའ་མའི་བཙན་རྫོང་མཐའ་གཅིག་ཏུ་གཏོར་བ་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་གཏོང་དགོས་ཞེས་བསྟན་པ།
དུས་ཚོད།2019-10-25 16:51:12     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཁུལ་ཨུའི་རྒྱུན་ཨུ་ཁང་གི“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ལྟར། ཟླ 10བའི་ཚེས 18ཉིན་ནས་ཚེས 19ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཅོ་ནེ་རྫོང་དང་ལིན་ཐན་རྫོང་། འབྲུག་ཆུ་རྫོང་བཅས་སུ་སོང་ནས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེའི་ཡུལ་སྐོར། ཐོན་ལས་འཕེལ་རྒྱས་དང་གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་ཐོན་ལ་ཉེ་བའི་སྐབས་སུ་བཏོན་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ངར་ཤུགས་གཅིག་སྒྲིམ་གྱིས་དབུལ་ཕོངས་ཀྱི་མཐའ་མའི་བཙན་རྫོང་མཐའ་གཅིག་ཏུ་གཏོར་བ་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།
    ཅོ་ནེ་རྫོང་ཨ་ཚེ་ཐང་གྲོང་རྡལ་ཨ་ཚེ་ཐང་སྡེ་བ་དང་ཞུས་གཙོས་རིམ་པ་གཉིས་པའི་གཞུང་ལམ་དང་ལིན་ཐན་རྫོང་གུར་ཆེན་གྲོང་རྡལ་ཕན་ཚུན་སྦྲེལ་ཡོད་ལ། ཨ་ཚེ་ཐང་དང་གུར་ཆེན་སྦྲེལ་མཐུད་བྱེད་པའི་སྡེ་བ་རིམ་པའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གྲོང་རྡལ་གཉིས་ཀྱི་ཁོར་ཡུག་སྒྱུར་བཀོད་རིམ་སྤོར་དང་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་གི་བྱ་བའང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཡུས་ཁྲིན་ཧུའེ་གསར་དུ་གཉེར་བའི་ཞིང་ཁྱིམ་སྤྲོ་ར་འགར་སོང་ནས་ཞིང་ཁྱིམ་སྤྲོ་རའི་སྒྱུར་བཀོད་དང་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་བྱས། ཁོང་གིས་ཨ་ཚེ་ཐང་གྲོང་རྡལ་ནི་གཞུང་ལམ་ལམ་རྒྱུད་དུ་གནས་པས་ས་བབ་བཟང་བའི་ཁྱད་ཆོས་ལྡན་ཞིང་། གུར་ཆེན་གྲོང་རྡལ་གྱི་ལོ་རྒྱུས་དང་རིག་གནས་ཡུན་རིང་ལ་ཡུལ་སྲོལ་གོམས་གཤིས་བབ་ཆགས་པས་དེ་གཉིས་ཟུང་འབྲེལ་ནུས་ལྡན་བྱས་ནས་ཕན་ཚུན་ཁ་གསབ་དང་། ཕན་ཚུན་རོགས་རེས། ཕན་ཚུན་སྤེལ་རེས་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་གིས་བསྐྱོད་དགོས་ལ། དཔའ་ཡུལ་དང་ལུས་གསེར་སོགས་སྡེ་བས་ཞིང་ཁྱིམ་སྤྲོ་ར་འཕེལ་རྒྱས་དང་རྒྱ་ཆེར་སྐྱེད་སྲིང་བྱས་པའི་ཉམས་མྱོང་སློབ་སྦྱོང་དང་བསྡུ་ལེན་བྱས་ནས། རང་གཤིས་ཅན་དང་ཁྱད་ལྡན་ཅན་གྱི་ཞིང་སྡེའི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་གིས་བཏོད་དེ། དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མའི་གདོང་མཆོང་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བ། ཞིང་སྡེའི་དར་རྒྱས་སྐུལ་འདེད་གཏོང་བ་བཅས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་བསྟན།
    འབྲུག་ཆུ་རྫོང་འཕེན་ཏེན་གྲོང་རྡལ་དུ་ཡུས་ཁྲིན་ཧུའེ་ཡིས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་འདྲི་རྩད་གླེང་མོལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། “ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་རྒྱུས་ལོན་བྱས་རྗེས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ལྟར། “ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ། བདེ་སྐྱིད་དང་མཛེས་སྡུག་གི་ཀན་ལྷོ་གསར་བ་འཛུགས་སྐྲུན་དང་དམངས་ཕྱུག་ཁུལ་དར་གྱི་རྣམ་པ་གསར་བ་བསྐྲུན་པར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ་ཡིས་མཉམ་དུ་རྟོག་ཞིབ་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།