中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། བསང་ཆུ་རྫོང་དུ་ས་ཡོམ་རིམ་པ5.7ཅན་བྱུང་ནས་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་གྱི་ཁྱིམ་ཚང2885ལྷག་ལ་གནོད་འཚེ་ཐེབས་ཤིང་། མི་ལ་ཚབས་ཆེ་བའི་གནོད་སྐྱོན་མ་ཐེབས།
དུས་ཚོད།2019-10-29 17:21:01     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།


   ( རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ་༡༠བའི་ཚེས་༢༨ཉིན་གྱི་ཆུ་ཚོད་༡༨བར་དུ། བསང་ཆུ་རྫོང་གི་ཚད་རིམ་༥༧ཅན་གྱི་ས་ཡོམ་གྱིས་བསང་ཆུ་རྫོང་གི་ཤང་དང་གྲོང་རྡལ༡༣ཡི་ཁྱིམ་ཚང༢༠༩༧གྱི་ཁང་བར་ཚད་རིམ་མི་འདྲ་བའི་གནོད་སྐྱོན་ཐེབས་ལ། དེའི་ཁྲོད་དུ་སྒོར་རའི་གྱང་བརྡིབས་ཡོད་པའི་ཁྱིང་ཚང་༡༧དང་ཁང་པར་གས་ཁ་ཤོར་བའི་ཁྱིམ་ཚང༢༠༨༠ལྷག་ཡོད། དུས་མཚུངས་སུ། ཐང་གར་ནང་ཤང་དང་། བང་གར་ཐང་གྲོང་རྡལ། ཡ་རུ་རྒྱུད་བཅས་ཤང་དང་གྲོང་རྡལ༣གསུམ་གྱི་འཕྲོད་བསྟེན་ཁང་དང་། སློབ་གྲྭ་ཆུང་འབྲིང་གི་ཉལ་ཁང་གི་གྱང་ལ་གས་ཁ་ཤོར་ཡོད་ལ། ཙ་ཡུས། རྒྱོའི་རྒྱ། མདའ་མེད། བསང་ཁོག་བཅས་ཀྱི་ཡིད་རྟོན་ཁང༤ཡི་ཁང་བར་གས་ཁ་ཤོར་ཡོད།  བང་གར་ཐང་གྲོང་རྡལ། མར་སྟེང་། རྒན་གྱ་གྲོང་རྡལ། ཐང་གར་ནང་ཤང་སོགས་གྱི་མངའ་ཁོངས་ཀྱི་དགོན་པ༩ཡི་གྲྭ་ཤག་དང་། འདུ་ཁང་ལ་ཡང་སྐྱོན་ཤོར་ཡོད། དེ་མིན། ཞིང་འབྲོག་ཁུལ་༡༥ཡི་བདེ་འཇགས་འཐུང་ཆུའི་ལས་གྲྭ་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཕོག་ཡོད་པ་དང་། འབོ་རའི་ཆུ། ཁོ་ཚེའི་ཆུ། བསང་ཆུ་བཅས་ཀྱི་ཆུ་རགས་ལས་གྲྭ་ཁག༦ལ་གཏོར་སྐྱོན་ཕོག་ཤིང་། རྫོང་གི་ལས་ཁུངས་ཁག་གི་ཁང་བར་ཡང་ཚད་རིམ་མི་འདྲ་བའི་གས་སྐྱོན་ཤོར་ཡོད། ས་འགུལ་གྱིས་གཙོས་གྲོང་ཁྱེར་གྱི་དུད་ཚང༧༨༨གྱི་མི་གྲངས༡༩༧༥ ལ་གནོད་འཚེ་ཐེབས་པ་དང་ཁང་བ༡༡༩༢ལ་གནོད་སྐྱོན་ཕོག་པ་མ་ཟད། ལོགས་ཁང༥དང་སྤྱོད་ཁང་༢ཁྱིམ་ཚང༤ཡི་སྒོ་རའི་གྱང་སོགས་བརྡིབས།
   ས་འགུལ་གྱིས་མི༢༡ལ་མས་སྒྐྱོན་ཕོགས་པས་སྨན་ཁང་དུ་སྟོན་པར་སོང་བ། དེའི་ཁྲོད་ནས་བསང་ཆུ་རྫོང་གི་མི་༣དང་གཙོས་གྲོང་ཁྱེར་གྱི་མི༡༨འདུ། སྨན་ཁང་ནས་བརྟག་དཔྱད་བྱས་པར་གཞིགས་ན། གཙོས་གྲོང་ཁྱེར་གྱི་རྨས་སྐྱོན་ཕོག་པའི་མི༣སྨན་ཁང་དུ་ཞག་སྡོད་བྱ་དགོས་པ་ལས་ནད་པ་གཞན་ཚོའི་གནས་ཚུལ་ཚབས་ཆེན་མིན་པས་སྨན་ཁང་དུ་སྡོད་དགོས་ཀྱི་མི་འདུག
   མིག་སྔར། ཡོམ་འགོག་གནོད་སེལ་གྱི་བྱ་བ་མཐའ་དག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།འགྲིམ་འགྲུལ་དང་། ཆུ། གློག དྲོད་རླངས་སོགས་མཁོ་འདོན་བྱས་ནས་འཕྲིན་གཏོང་སོགས་རྨང་གཞིའི་མཁོ་ཆས་དག་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱས་པར་སྐུལ་འདེད་བཏང་ནས།སྤྱི་ཚོགས་ཀྱི་གནས་ཚུལ་ཧྲོལ་བོ་བརྟན་འཇགས་འདུག  
                                                           (སྒྱུར་མཁན།  དངོས་སྤྱོང་སློབ་མ་ཆོས་སྐྱོང་སྐྱིད། པདྨ་ཚེ་སྒྲོན་གཉིས་ཀྱིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།