中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། བསང་ཆུ་རྫོང་གིས་ཚད་རིམ 5.7གྱི་ས་འགུལ་རོགས་སྐྱོབ་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ།
དུས་ཚོད།2019-10-29 17:55:43     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།



  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 10བའི་ཚེས 28ཉིན་གྱི་ཆུ་ཚོད 1དང་སྐར་མ 56ཐོག་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ཚད་རིམ 5.7གྱི་ས་འགུལ་བྱུང་བ་དང་འགུལ་ཁུངས་ཟབ་ཚད་སྟོང་སྨི 10ཟིན་ཡོད་ལ། ས་འགུལ་ལྟེ་ནི་བསང་ཆུ་རྫོང་ཙ་ཡུས་ཤང་དུ་གནས་པ་དང་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་དུ་ས་འགུལ་གྱི་ཚོར་བ་ཆེན་པོ་བྱུང་ལ། མིག་སྔར་ས་འགུལ་རོགས་སྐྱོབ་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།
   ས་འགུལ་བྱུང་རྗེས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རེན་ཅན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་གཞིར་བཟུང་ནས་ཁུལ་དང་རྫོང(གྲོང་ཁྱེར)རིམ་པ་གཉིས་ཀྱིས་སྔོན་ཇུས་མྱུར་དུ་ལག་ལེན་དུ་བསྟར་ནས་ཁུལ་དང་རྫོང་གི་ས་འགུལ་གནོད་སེལ་རོགས་སྐྱོབ་བཀོད་འདོམས་པུའུ་བཙུགས་པ་རེད། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཧྲིན་ཀྲང་གཞོན་པ་ལི་ཕེ་ཞིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན། ཁུལ་ཨུའི་རྒྱུན་ཨུའམ་ཀན་ལྷོ་ཡན་ལག་དམག་ཁུལ་གྱི་སྤྱི་དཔོན་ཧྲི་ཡོན་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཧྲང་ཞུའེ། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཞིང་ཆེན། ཁུལ། རྫོང་གི་མཁོ་བསྟུན་མྱུར་སྒྲུབ་དང་སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་ལས་ཁུངས་ཀྱི་འགན་ཁུར་བ་དག་མགྱོགགས་མྱུར་ངང་གནོད་ཐེབས་ཁུལ་དུ་སོང་ནས་ཡུལ་དངོས་ཚོགས་འདུ་བསྡུས་ཏེ་ཕྱོགས་ཡོངས་ནས་ས་འགུལ་རོགས་སྐྱོབ་བྱ་བ་བཀོད་སྒྲིག་བྱས།
    ལི་ཕེ་ཞིན་གྱིས་མདའ་མེད་ཤང་གི་དོམ་ལུང་སྡེ་བ་དང་ཐང་གར་ནང་ཤང་རོང་བར་སྟོད་སྲིད་འཛིན་སྡེ་བའི་དཔོན་སྐོར་རང་བྱུང་སྡེ་བ་དང་། བང་གར་ཐང་གྲོང་རྡལ་ས་སོ་མ་སློབ་ཆུང་དུ་སོང་ནས་གནོད་འཚེ་ཕོག་པའི་གནས་ཚུལ་དབྱེ་ཞིབ་བྱས་རྗེས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་དང་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནོད་འཚེའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱ་དགོས་པའི་བླང་བྱ་བཏོན། ལི་ཕེ་ཞིན་གྱིས་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་གནོད་འཚེ་སྔོན་འགོག་བྱེད་པ་དང་འགུལ་འཕྲོའི་གནོད་འཚེ་སྔོན་འགོག་གི་བྱ་བ་ཡག་པོ་བསྒྲུབས་ནས་ཚད་གཞི་མཐོན་པོའི་སྒོ་ནས་མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་ཉུང་དུ་བཏང་སྟེ་མང་ཚོགས་ཀྱི་སེམས་གསོའི་བྱ་བ་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་དངངས་སྐྲག་གི་བསམ་ཚུལ་མེད་པ་བཟོ་བ་དང་གནོད་ཁུལ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་པ་དང་འབྲེལ་སྐྱེལ་འདྲེན་གྲ་སྒྲིག་བྱ་དགོས་ཞེས་བསྟན།
   ཡུས་ཁྲིན་ཧུའེ་ཡིས་བསང་ཆུ་རྫོང་དུ་བཞུགས་མོལ་ཚོགས་འདུའི་གཙོ་འགན་ཁུར་སྐབས་བསང་ཆུ་རྫོང་དུ་ས་འགུལ་ཚད་རིམ 5.7བྱུང་རྗེས་ཞིང་ཆེན་དང་། ཁུལ། འབྲེལ་ཡོད་རྫོང་དང་། གྲོང་ཁྱེར། སྡེ་ཁག་བཅས་ཀྱིས་གནོད་འཚེའི་གནས་ཚུལ་ཞིབ་དཔྱད་དང་གནོད་སེལ་བྱ་བ་ཛ་དྲག་ངང་སྤེལ་ནས་འཕྲལ་དུ་མཉམ་ཤུགས་བརྒྱབ་ནས་གནོད་འཚེ་ལས་བྱུང་བའི་གྱོང་གུན་དམའ་ཤོས་སུ་གཏོང་དགོས་ཞེས་བསྟན། ཡུས་ཁྲིན་ཧུའེ་ཡིས་གོམ་སྟབས་རྗེས་མར་གནོད་འགོག་ཉེན་གཡོལ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་པའི་བྱ་བ་གལ་ཆེ་བས་ནོར་འཁྲུལ་གཏན་ནས་ཤོར་མི་རུང་བ་དང་། འགུལ་འཕྲོ་འགོག་ཟོན་བྱ་བ་ཡག་པོ་བསྒྲུབས་ནས་ཉེན་ཁང་ལས་གྲུབ་པའི་གནོད་འཚེ་གང་མགྱོགས་སྒོས་སེལ་དགོས་པ་ལས་ཞོར་ཐོན་གནོད་འཚེ་ཐོན་དུ་འཇུག་མི་རུང་ཞིང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བར་བརྒལ་དུས་སྐབས་ཀྱི་འཚོ་བའི་འགན་སྲུང་བྱ་བ་བཀོད་སྒྲིག་འོས་འཚམ་བྱེད་པ། གནོད་འཚེ་སྣ་ཚོགས་ཀྱི་ཡིག་ཚགས་མེད་པར་བཟོ་བའི་བྱ་བ་ཧུར་ཐག་སྒོས་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།