中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། བསང་ཆུ་རྫོང་ལ་ཚད་རིམ5.7ཅན་གྱི་ས་ཡོམ་བྱུང་བ། ལིན་ཏུའོ་དང་ཐང་རེན་ཅན་གྱིས་སོ་སོར་བླང་བྱ་ནན་མོ་བཏོན་པ།
དུས་ཚོད།2019-10-29 18:05:55     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན།ཟླ10བའི་ཚེས28ཉིན་གྱི་ཆུ་ཚོད1དང་སྐར་མ་56ཐོག ཀན་ལྷོ་ཁུལ་བསང་ཆུ་རྫོང་འཕྲེད་ཐིག་བྱང་མའི་ཏུའུ35.10དང་ཤར་གྱི་གཞུང་ཐིག་ཏུའུ102.69)ལ་ཚད་རིམ་5.7ཅན་གྱི་ས་ཡོམ་བྱུང་བ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ10ཟིན་ཡོད། ས་ཡོམ་ལྟེ་གནས་ནས་བསང་ཆུ་རྫོང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ18དང་། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་བར་བར་ཐག་སྤྱི་ལེ21། ལིན་ཞ་ཁུལ་ལིན་ཞ་གྲོང་ཁྱེར་བར་སྤྱི་ལེ65དང་ལན་ཀྲོའུ་གྲོང་ཁྱེར་བར་སྤྱི་ལེ135ཡོད།
  སྙན་སེང་འབྱོར་མ་ཐག་ཏུ།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་ཡིས་མྱུར་དུ་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་མགྱོགས་མྱུར་ཞིབ་བཤེར་སྒྲིག་འཛུགས་བྱེད་པ་དང་ས་ཡོམ་ཁུལ་གྱི་གནོད་འཚེ་ཕོག་པའི་གནས་ཚུལ་ཤེས་རྟོགས་བྱེད་པ། དུས་ཐོག་ཏུ་རོགས་སྐྱོབ་སྒྲིག་འཛུགས་བྱས་ཏེ་ཏང་སྲིད་རྩ་འཛུགས་ཀྱིས་མང་ཚོགས་ཁྲིད་སྟོན་བྱེད་པའི་བྱ་བ་ལེགས་པར་བསྒྲུབས་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱ་དགོས་པའི་བླང་བྱ་བཏོན་པ་དང་མཛུབ་སྟོན་གནང་བ་རེད། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་ས་ཡོམ་མྱུར་བསྟུན་སྡེ་ཁག་གིས་མགྱོགས་མྱུར་གྱིས་གནས་ཚུལ་རྒྱུས་ལོན་དང་བཀོད་སྒྲིག་སྙན་ཞུ་ཕུལ། གཞན་ཉེ་འགྲམ་ས་ཁུལ་གྱིས་ཀྱང་དེར་བསྟུན་གྱི་བྱ་བ་བསྒྲུབས་བཞིན་ཡོད། 
   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རེན་ཅན་གྱིས་ས་ཡོམ་ཅུས་དང་ཀན་ལྷོ་ཁུལ།བསང་ཆུ་རྫོང་བཅས་ཀྱི་ས་ཡོམ་གྱིས་བཟོས་པའི་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་གནས་ཚུལ་ལ་ཆེད་ལས་སྟོབས་ཤུགས་བཀོལ་ནས་རོགས་སྐྱོབ་བྱེད་པ་དང་འཕྲོད་བསྟེན་བདེ་ཐང་མ་ལག་གིས་སྨན་བཅོས་འགན་ལེན་བྱ་བ་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་དང་མཛུབ་སྟོན་གནང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།