中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སུང་ཝའེ་ཡིས་རང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་གྱི་བྱ་བ་ལེགས་པོར་བསྒྲུབས་པར་ནན་གྱིས་བསྟན་པར།
དུས་ཚོད།2019-11-01 15:51:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སུང་ཝའེ་རང་ཁུལ་དུ་ཡོང་ནས་ཡུལ་ལྗོངས་ཆེན་མོའི་འཛུགས་སྐྲུན་དང་ ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།
    སུང་ཝའེ་འཁོར་དང་བཅས་པ་སྔ་གཞུག་ཏུ་རྨ་ཆུ་རྫོང་དང་གཙོས་གྲོང་ཁྱེར། ལིན་ཐན་རྫོང་བཅས་སུ་ཟབ་ཞུགས་བྱས་ནས་ཡུལ་ལྗོངས་ཆེན་མོའི་འཛུགས་སྐྲུན་དང་ཁོངས་ཡོངས་ཡུལ་སྐོར་གསོ་སྦྱོང་གནས་གཞིའི་འཁོར་སྐྱོད་ཉོ་ཚོང་དོ་དམ་དང་། ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་བྱ་བར་ཡུལ་དངོས་ནས་ལྟ་ཞིབ་བྱས་ཞིང་། རོང་འབྲོག་པའི་ཁྱིམ་དུ་སོང་ནས་དབུལ་སྐྱོར་སྲིད་ཇུས་ལག་བསྟར་དང་བདེ་འཇགས་ངང་དགུན་གྱི་འཚོ་བ་རོལ་བའི་གནས་ཚུལ་འདྲི་རྩད་ཞིབ་མོ་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱིས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་བསྐྱར་དར་ལ་ཐོན་པའི་ནུས་པ་རྒྱུས་ལོན་གསལ་བོ་བྱས།
    སུང་ཝའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་སྲ་བརྟན་སྒོས་འཛུགས་སྐྲུན་དང་ཤུགས་ལྡན་སྒོས་ལྗང་མདོག་བསྐྱར་དར་སྐུལ་འདེད་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། སྔོ་ལྗང་རི་ཀླུང་ནི་དབུལ་ཐར་ཕྱུག་འགྱུར་གྱི་གསེར་རི་དངུལ་རིར་གཏོང་དགོས་ལ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་རྒྱལ་ཐག་ཆོད་པ་དང་ཞིང་སྡེ་བསྐྱར་དར་ལ་རྨང་གཞི་སྲ་བརྟན་འདིང་དགོས་ཞེས་ནན་གྱིས་བསྟན།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་ཡིས་རྟོག་ཞིབ་ལ་འགྲོ་རོགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།