中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་ཀྱི་བསམ་བློ་བརྗེ་རེས་ཀྱི་ཚོགས་འདུ་བསྡུས་པ།
དུས་ཚོད།2019-11-01 15:55:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།



    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན) ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་ཀྱི་བསམ་བློ་བརྗེ་རེས་ཀྱི་ཚོགས་འདུ་བསྡུས།
    ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་དགུ་བའི་ཚན་གཙོའམ་ཞིང་ཆེན་སྲིད་གྲོས་ཀྱི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཡོན་ཅན་ཚོགས་འདུར་ཞུགས།
    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་ཚོགས་འདུར་ཟུར་ཞུགས་བྱས།
    ཁུལ་གྱི་འགོ་ཁྲིད་པ་ཧོ་མོའུ་པའོ་དང་དབྱང་ཝུའུ། དབྱང་ཞུང་། ཧོའུ་ཞའོ་ཧྥེང་། དབྱང་ཅུན། ལིའུ་ཧྥེང་། ཧྲི་ཀྲན་ལིའང་། ཝང་ཧྲང་ཞུའེ། ལུའི་ཀྲི་ཅུན། ལིའུ་ཡུང་ཀོ་བཅས་ཚོགས་འདུར་ཞུགས།
    ཚོགས་འདུའི་ཐོག་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་རྒྱུན་ཨུ་སོ་སོས་རང་གི་ལས་བགོས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པ་དང་། ཡུས་ཁྲིན་ཧུའེ་ཡིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྷུ་ཚིགས་ཁག་དང་། སློབ་སྦྱོང་ཁྲོད་གོ་བ་མུ་མཐུད་དུ་གཏིང་ཟབ་གཏོང་བ་དང་། བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བཅས་བྱ་དགོས། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲུབ་འབྲས་ལེགས་བསྒྱུར་བྱས་ཏེ་དམིགས་ཡུལ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། དམངས་ལ་བཅངས་པའི་བརྩེ་སེམས་བརྟན་པོ་འཛུགས་པའི་ཐབས་ཤེས་སུ་བརྩི་བ་དང་། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ལེགས་བསྒྱུར་བྱེད་པ་འགན་འཁྲི་གཙང་སྒྲུབ་དང་འགན་ཁུར་ཕོད་པའི་བརྒྱུད་རིམ་དུ་བརྩིས་ནས། ཉམས་མྱོང་དང་བྱེད་སྟངས་བཟང་བོ་དག་དངོས་གཉེར་གོ་ཆོད་ཀྱི་ལམ་ལུགས་དང་ལམ་སྲོལ་དུ་བསྒྱུར་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྲིད་ཇུས་གཏན་འབེབས་བྱེད་པའི་གཞི་འཛིན་སར་འགྱུར་བ་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།
    ལི་ཡུང་ཅན་གྱིས་རྟོག་ཞིབ་ཀྱི་བསམ་བློ་བརྗེ་རེས་ཀྱི་ཚོགས་འདུར་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུ་ཁང་གི “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི ”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་གདེང་འཇོག་གང་ལེགས་བྱས་པ་མ་ཟད། ཁུལ་ཡོངས་ཀྱི་རྟོག་ཞིབ་གྲུབ་འབྲས་ལེགས་བསྒྱུར་ཡག་པོ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ། གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བླང་བྱ་བཏོན།།
                                                                                             (དངོས་སྦྱོང་སློབ་མ་སངས་རྒྱས་སྐྱིད་ཀྱིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།