中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་བའི་ཆེད་དོན་གྲོས་ཚོགས་བསྡུས་པ།
དུས་ཚོད།2019-11-01 15:58:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།


    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུའི་རྒྱུན་ཨུ་ཁང་གི “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་བའི་ཆེད་དོན་གྲོས་ཚོགས་བསྡུས།
    ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་དགུ་བའི་ཚན་གཙོ་དང་ཞིང་ཆེན་སྲིད་གྲོས་ཀྱི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཡུང་ཅན་བཅས་གྲོས་ཚོགས་སུ་ཞུགས།
    ཁུལ་གྱི་འགོ་ཁྲིད་པ་ཧོ་མོའུ་པའོ་དང་དབྱང་ལྦུའུ། ཧོའུ་ཞའོ་ཧྥེང་། ལིའུ་ཧྥེང་། ཧྲི་ཀྲན་ལིའང་། ལུའི་ཀྲི་ཅུན། ལིའུ་ཡུང་ཀོ་བཅས་ཚོགས་འདུར་ཞུགས།
    གྲོས་ཚོགས་སུ། ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་རྒྱུན་ཨུས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བསྡུར་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད། ལི་ཧྲུའེ་ཅན་གྱི 《ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུས་སྐོར་ཐེངས་གཉིས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ས་ཁུལ (ལས་ཁུངས)གྱི་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པའི་བསམ་འཆར་ཕྱིར་ལྡོག་བྱས་པའི་སྐོར་གྱི་འཕྲིན་ཡིག》གི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས།
    ཡུས་ཁྲིན་ཧུའེ་ཡིས་ཐོག་མཐའ་བར་གསུམ་དུ་གནད་དོན་ལ་ལྟ་ཞིབ་བྱ་རྒྱུ་དེ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་བསྡུར་བའི “གཤགས་བཅོས་ཀྱི་གྲི”ལྟར་བརྩི་དགོས་པའི་བླང་བྱ་བཏོན་པ་དང་། ཁུལ་ཨུའི་རྒྱུན་ཨུ་སོ་སོས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་། རང་རྟོགས་ཀྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། སྣེ་ཁྲིད་དེ་བསམ་བློའི་ཞིབ་འཇུག་དང་ཧེ་བག་འཚོལ་བ། མི་འདང་ས་ཁ་གཟབ་བྱེད་པ། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ། ཐོག་མའི་ལས་འགན། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་གསར་བ། སྔོན་ཐོན་དཔེ་མཚོན་གྱི་མིག་དཔེ་བཅས་དང་བསྡུར་ནས། སྔར་ལས་ལྷག་པར་ཧེ་བག་འཚོལ་བ་དང་མི་འདང་ས་འཚོལ་བ། རྒྱུ་རྐྱེན་གསར་འབྱེད་དང་དབྱེ་ཞིབ་བྱེད་པ། གནད་དོན་གསལ་ཐོ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གནད་དོན་འཚོལ་ཐུབ་པ་དང་གནད་འཁེལ་འཚོལ་ཐུབ་པ་བྱ་དགོས། ཐོག་མཐའ་བར་གསུམ་དུ་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱས་ཏེ་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བསྡུར་བའི “དཔེ་སྟོན་རེའུ་མིག”ཏུ་བརྩིས་ནས་ཕན་འབྲས་དངོས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དག་ཐེར་ཡོ་བསྲང་གི་ཇུས་གཞི་གཏན་འབེབས། དག་ཐེར་དོན་འཁྱོལ་བྱ་བར་སྣེ་ཁྲིད་དང་དམ་འཛིན་བཅས་བྱས་ཏེ། སློབ་སྦྱོང་བྱེད་བཞིན་དུ་ཞིབ་བསྡུར་དང་ཞིབ་བཤེར། དག་ཐེར་བཅས་བྱ་དགོས། བཅོས་སྒྱུར་དང་དངོས་སྒྱུར་གྱི་བྱེད་ཐབས་ཞིབ་ཕྲ་བཟོས་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་བསྡུར་ནས་ཧེ་བག་འཚོལ་བའི་གནད་དོན་གསལ་བོ་བྱས་ཏེ། འཕྲལ་དུ་ཞིབ་བཤེར་དང་འཕྲལ་དུ་བཅོས་སྒྲིག་བྱས་ནས་དུས་བཀག་ནང་ཡོ་བསྲང་གནད་འཁེལ་བྱེད་པར་དམ་འཛིན་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་སྤེལ་བ་ལས་བྱུང་བའི་འགྱུར་ལྡོག་གསར་བ་དངོས་སུ་མཐོང་ཐུབ་པ་བྱ་དགོས་ཞེས་ནན་གྱིས་བསྟན།
    ལི་ཡུང་ཅན་གྱིས་ཆེད་དོན་གྲོས་ཚོགས་ཕྱོགས་ཡོངས་ནས་དཔྱད་བརྗོད་བྱས་པ་མ་ཟད། ཆེད་དོན་གྲོས་ཚོགས་ཀྱི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ་བརྗོད་དོན་གཙོ་བའི་སློབ་གསོའི་བྱ་བ་སོ་སོར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན།།
                                                                                 (དངོས་སྦྱོང་སློབ་མ་བཀྲ་ཤིས་སྐྱིད་དང་སྒྲོལ་མས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།