中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀྲའོ་ལིན་ཡུན་དང་ཧོ་མོའུ་པའོ་ཡིས་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་གྱི་ས་འགུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས་པ་མ་ཟད་ཉེན་སྐྱོབ་བྱ་བར་མཛུབ་སྟོན་བྱས་པ།
དུས་ཚོད།2019-11-06 09:27:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།


    རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ཟླ 10བའི་ཚེས 29ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་དུ་སོང་ནས་ས་འགུལ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། གནོད་འཚེ་སེལ་བའི་བྱ་བར་མཛུབ་ཁྲིད་བྱས།
    ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་དང་། ཁུལ་ཨུའི་རྒྱུན་ཨུའམ་ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་སི་ལིན་ཡོན་ཧྲི་ཡོན་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཝང་ཧྲང་ཞུའེ་བཅས་ཀྱིས་ལྷན་དུ་འཚམས་འདྲི་བྱས།
    བསང་ཆུ་རྫོང་དུ་ས་འགུལ་རིམ་པ 5.7བྱུང་རྗེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ། ཁོ་ཚོའི་གཞི་རྩའི་འཚོ་བ་འགན་ལེན་ནན་མོ་བྱས་པ་དང་། གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་དང་ཡོམ་འགོག་རོགས་སྐྱོབ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ། ཀྲའོ་ལིན་ཡུན་དང་ཧོ་མོའུ་པའོ་འཁོར་དང་བཅས་པ་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་གྱི་གནོད་འཚེ་ཕོག་པའི་ཤང་གྲོང་དང་སྲང་ལམ་གཞུང་སྒྲུབ་ཁང་བཅས་སུ་སོང་ནས་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་ས་འགུལ་གྱི་ཉེན་སྐྱོབ་གནོད་སེལ་གྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁོང་ཚོས་གནོད་འཚེ་ཕོག་པའི་མང་ཚོགས་དང་བྱམས་བརྩེའི་ངང་ཁ་བརྡ་བྱས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་རང་ཉིད་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་གེགས་བར་ལས་རྣམ་པར་རྒྱལ་བ་དང་དཀའ་གནད་ལས་སྒྲོལ་ཏེ་ཐོན་སྐྱེད་དང་རང་སྐྱོབ་བྱས་ཏེ་འཕེལ་རྒྱས་འཚོལ་སྙེག་བྱ་དགོས་པའི་སྐུལ་མ་བཏང་།
    ཀྲའོ་ལིན་ཡུན་གྱིས་ཁུལ་དང་རྫོང་གི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོ་དང་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་། གྲལ་བཤེར་ནན་མོ་བྱེད་པར་ཤུགས་བསྣན་ནས་ཐེངས་འདིའི་ས་འགུལ་གྱིས་བཟོས་པའི་གྱོང་གུད་ཁོང་ཆུད་བྱ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཧུར་ཐག་གིས་མྱུར་སྐྱོབ་དང་བྱེད་ཐབས་མཐའ་དག་སྤྱད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་དགོས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་ནས་གྲལ་བཤེར་ཡང་དག་བྱེད་པ་པ་དང་། ཆུ་དང་གློག  དྲོད་རླངས་སོགས་ལ་གནད་དོན་མེད་པར་བྱས་ནས། གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་མི་ཕོག་པར་འགན་ལེན་བྱེད་པ་དང་དུས་མཚུངས་གནོད་འཚེའི་གནས་ཚུལ་ལ་སྤྱི་འདོམས་ཞིབ་བཤེར་དང་ཞིབ་བཤེར་འཁྲུལ་མེད། བསྡོམས་རྩིས་ཞིབ་མོ་བཅས་བྱས་ནས་གོམ་སྟབས་རྗེས་མར་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན།     ཧོ་མོའུ་པའོ་ཡིས་ཞིང་ཆེན་དང་ཁུལ་ཨུའི་འགོ་ཁྲིད་གཙོ་བོའི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དང་བཀོད་སྒྲིག་གཞིར་བཟུང་ནས་ཁུལ་དང་རྫོང་གི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྟོབས་ཤུགས་མཐའ་དག་སྐུལ་སློང་བྱས་ཏེ། ཁྱོན་ཡོངས་ནས་རྩ་འཛུགས་ཀྱིས་ཉེན་ཁའི་འབྱུང་ཁུངས་གལ་ཆེན་དང་། དམིགས་ཚད་དངོས་པོ་གལ་ཆེན། འགག་རྩའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་བཅས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། ཉེན་སེལ་མྱུར་བཟོ་བཅས་ཀྱི་བྱ་བ་སྤེལ་ནས་གནོད་འཚེ་ཡང་བསྐྱར་ཡོང་བ་སྔོན་འགོག་བྱ་དགོས། བདེ་འཇགས་ཀྱི་འགན་འཁྲི་ལྕི་བའི་བསམ་བློ་བཙུགས་ནས། འགོག་ཟོན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། མུ་མཐུད་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མང་ཚོགས་ཉེན་ཁ་ལས་གཡོལ་བའི་བྱ་བ་སྤེལ་བ། བདེ་འཇགས་ཐད་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་བར་དོགས་ཟོན་དང་སྔོན་འགོག་བཅས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་ས་ཡོད་པ་དང་། མི་གྲང་བ། བྱིས་པ་དུས་ལྟར་སློབ་གྲྭར་འགྲོ་ཐུབ་པ་བཅས་འགན་ལེན་བྱ་དགོས་ལ། དེ་མིན་གནོད་འཚེ་ཐེབས་ཁུལ་གྱི་གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་གང་མགྱོགས་ཀྱིས་ཉམས་གསོ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་དང་། ནུས་ཤུགས་ཡོད་རྒུས་གནས་སྤོར་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བཟང་བོ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་དགུན་ཁ་ཞིག་སྐྱེལ་ཐུབ་པར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན།
    དེའི་སྐབས་སུ་ཀྲའོ་ལིན་ཡུན་དང་ཧོ་མོའུ་པའོ་འཁོར་དང་བཅས་པ་ཁུལ་མི་དམངས་སྨན་ཁང་དུ་སོང་ནས་ས་འགུལ་ཁྲོད་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།