中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི"ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།
དུས་ཚོད།2019-11-06 09:34:08     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།


    རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ཟླ 11པའི་ཚེས 1ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གིཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
    ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། དབྱང་ཅུན། ཧྲི་ཀྲན་ལིའང་། ལུའི་ཀྲེ་ཅུན་བཅས་ཚོགས་འདུར་ཞུགས།
    རྫོང་ཨུའི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་འབྲེལ་ཡོད་ཏང་ཙུའུ་ཡི་འགན་ཁུར་བ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ། གཞི་རིམ་ཏང་གི་འཐུས་མི། ཁུལ་ཏང་གི་ཚོགས་ཆེན་གྱི་འཐུས་མི། ཁུལ་དམངས་ཆེན་གྱི་འཐུས་མི། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། ཁེ་ལས་པའི་འཐུས་མི་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།
    ཡུས་ཁྲིན་ཧུའེ་ཡིས་ཚོགས་ཞུགས་འཐུས་ཚབ་པའི་གཏམ་བཤད་ལ་དཔྱད་བརྗོད་ཞིབ་མོ་བྱས་པ་མ་ཟད། འབྲེལ་ཡོད་བསམ་འཆར་བཅོས་སྒྲིག་བྱེད་པའི་ཐད་བྱེད་ཐབས་བཏོན།
    ཡུས་ཁྲིན་ཧུའེ་ཡིས་ཕྱོགས་སོ་སོའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ་ནི་ཁུལ་ཨུའི་རྒྱུན་ཨུ་ཁང་གིཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནད་འགག་གལ་ཆེན་ཞིག་ཡིན་ལ། གནས་ཚུལ་ལ་རྒྱུས་ལོན་དང་གནད་དོན་ལ་ཞིབ་བཤེར་བྱེད་པ། བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཚང་མས་འགན་ཁུར་ཡོད་པ་དང་དངོས་ཐོག་བདེན་འཚོལ་གྱིས་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི་གནད་དོན་བཙལ་བ་དང་ཚན་ཁག་གི་ཁོངས་མིར་བསམ་འཆར་བཏོན་པ་དེ་ང་ཚོས་གནད་དོན་ལ་ཞིབ་བརྟག་དང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་གནད་ཐོག་ཏུ་ཁེལ། དེ་མ་ཟད་ཚང་མས་དབུལ་ཐར་མཁྲེགས་གཏོར་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས། ཏང་གི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་དུ་བསམ་འཆར་གལ་ཆེན་མི་ཉུང་བ་བཏོན། ང་ཚོས་ཚང་མས་བཏོན་པའི་སྣ་སོ་སོའི་བྱ་བའི་བསམ་འཆར་ཁྱོན་ཡོངས་ནས་བསྡུ་ལེན་བྱས་ནས་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་ཁྲོད་བཞག་སྟེ་ལག་ལེན་དངོས་ཀྱི་ཐོག་ནས་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་ད་ལོ་ནི་རང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་མཇུག་བསྡུ་བའི་ལོ་དང་གྲོང་གསེབ་དར་རྒྱས་འགོ་ཚུགས་པའི་ལོ། གཏན་འཇགས་སྲུང་སྐྱོབ་ཀྱི་གནད་འགག་གི་ལོ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་བའི་ལོ་ཞིག་ཡིན་པས། བྱ་བ་མང་ལ་འགན་ཁུར་ཤིན་ཏུ་ལྕི། ཚང་མས་སེམས་ཤུགས་ཡོད་ཚད་གཅིག་ཏུ་སྒྲིལ་ནས་བདེ་སྐྱིད་དང་མཛེས་སྡུག་གི་ཀན་ལྷོ་གསར་བ་མགྱོགས་མྱུར་ངང་བསྐྲུན་ནས། དམངས་ཕྱུག་ཁུལ་དར་གྱི་རྣམ་པ་གསར་བ་མུ་མཐུད་དུ་གཏོད་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།