中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལིན་ཏུའོ་དང་ཐང་རེན་ཅན་གྱིས་བསང་ཆུ་རྫོང་གི་ས་འགུལ་གྱི་ཉེན་སེལ་གུད་སྐྱོབ་བྱ་བར་ཡང་བསྐྱར་མཆན་འགོད་མཛུབ་སྟོན་བྱས་ཏེ།
དུས་ཚོད།2019-11-06 09:42:34     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     ཀན་སུའུ་ཉིན་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རེན་ཅན་གྱིས་བསང་ཆུ་རྫོང་གི་ས་འགུལ་གྱི་ཉེན་སེལ་གུད་སྐྱོབ་བྱ་བར་ཡང་བསྐྱར་མཆན་འགོད་མཛུབ་སྟོན་བྱས།
    ལིན་ཏུའོ་ཡིས་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ཀན་ལྷོ་ཁུལ་དང་དེ་བཞིན་འབྲེལ་ཡོད་རྫོང(གྲོང་ཁྱེར)གིས་རྨས་མ་བཅོས་སྐྱོབ་དང་། མུ་མཐུད་དུ་གྲལ་བཤེར་བྱེད་པ། མང་ཚོགས་ཉེན་གཡོལ་བཅས་ཀྱི་བྱ་བ་ལེགས་པར་བསྒྲུབས་ནས། སྡོད་སའི་ཁང་བའམ་ཡང་ན་རས་གུར་བཀོད་སྒྲིག་ཡོད་པ། ཕོ་བ་རྒྱགས་པ། མི་གྲང་བ། བྱིས་པ་དུས་ལྟར་སློབ་གྲྭར་འགྲོ་ཐུབ་པ་བཅས་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན།
    ཐང་རེན་ཅན་གྱིས་ཀན་ལྷོ་ཁུལ་གནོད་འཚེ་ཐེབས་ཁུལ་གྱི་གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་གང་མགྱོགས་ཀྱིས་ཉམས་གསོ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་མ་ཟད། གནས་སྤོར་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བཟང་བོ་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱིས་བདེ་བླག་ངང་དགུན་ལས་བརྒལ་བ་དང་། “3+1”གི་མཐའ་མའི་གདོང་མཆོང་མེད་པར་བཟོ་བ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་བྱ་བ་ཟུང་དུ་སྦྲེལ་ནས་ལེགས་པར་བསྒྲུབ་པ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས་པའི་མཆན་འགོད་བླང་བྱ་བཏོན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།