中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལིན་ཏུའོ་ཡིས་བསང་ཆུ་རྫོང་གི་ས་འགུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས་པ།
དུས་ཚོད།2019-11-08 16:42:13     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་ཀན་ལྷོ་ཁུལ་བསང་ཆུ་རྫོང་དུ་སོང་ནས་ས་འགུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཁག་གཉིས་པའི“ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་མཛུབ་སྟོན་བྱས། ཁོས་རིམ་པ་སོ་སོ་དང་ཕྱོགས་སོ་སོའི་མི་དམངས་ལྟེ་བར་འཛིན་པ་དང་མང་ཚོགས་ཀྱི་བདེ་འཇགས་དང་དྲོད་འཁོལ་ནམ་ཡང་གཙོ་བོར་བཟུང་ནས་འགན་འཁྲི་ནན་ཁུར་བྱེད་པ་དང་། བྱ་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐབས་བརྒྱ་ཇུས་སྟོང་གིས་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
    ས་འགུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བཟང་བོ་བྱུང་ཡོད་མེད་དང་། གཞི་རྩའི་འཚོ་བར་འགན་ལེན་ཡོད་མེད་དེ་ལིན་ཏུའོ་ཡིས་སེམས་ཁུར་བྱེད་བཞིན་ཡོད་ལ། ཐང་དཀར་ནང་ཤང་དཔོན་སྐོར་རང་བྱུང་སྡེ་བ་དང་ལྕགས་སྤུགས་རང་བྱུང་སྡེ་བའི་ཁང་བར་གཏོར་སྐྱོན་ཕོག་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོར་བཀོད་སྒྲིག་གི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་འགན་ལེན་ནུས་ལྡན་བྱུང་བ་དང་གེགས་སེལ་སྒྲིག་བཀོད་བཀོད་སྒྲིག་འཐུས་སྒོ་ཚང་ཙམ་བྱུང་བས་ལིན་ཏུའོ་ཧ་ཅང་དགའ་པོ་བྱུང་། ཁོས་ཏང་དང་སྲིད་གཞུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་། ཏང་དང་སྲིད་གཞུང་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱེད་བཞིན་ཡོད་པས་ང་ཚོ་དཀའ་གནད་ལས་སྒྲོལ་ཐུབ་ཅེས་བཤད། ཁོས་ད་དུང་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་དང་བཟའ་བཅའ། དྲོད་ལེན། སྨན་བཅོས་སོགས་ཀྱི་འགན་ལེན་བྱ་བ་བཟང་བོ་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བཟའ་བཅའ་ཡོད་པ་དང་། མི་འཁྱགས་པ། ནད་ཡོད་པ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བཅས་འགན་ལེན་བྱས་ཏེ་ཁོང་ཚོར་དྲོ་སྐྱིད་དང་བདེ་འཇགས་ཡོང་རྒྱུར་རོགས་རམ་བྱ་དགོས་ཞེས་ནན་གྱིས་བསྟན།
    རོང་བར་སྟོད་སློབ་ཆུང་དུ་ལིན་ཏུའོ་ཡིས་སློབ་གྲྭའི་ཉལ་ཁང་ལ་གཏོར་སྐྱོན་ཕོག་པ་དང་སློབ་མའི་སློབ་ཁྲིད། དགེ་སློབ་ཀྱི་བདེ་འཇགས་འགོག་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་འབྲེལ་བྱིས་པ་ཚོར་སྲིང་བལ་གྱོན་གོས་སྤྲད་ནས་ཁོང་ཚོར་སློབ་སྦྱོང་ལེགས་པོ་བྱེད་དགོས་ཞེས་སྐུལ་ལྕག་གནང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།