中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༅༅།། ཡུས་ཁྲིན་ཧུའེ་ཡིས་རྨ་ཆུ་རྫོང་དུ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱེད་སྐབས་སུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་དང་སྲུང་ས
དུས་ཚོད།2019-11-08 16:49:01     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 4ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་རྨ་ཆུ་རྫོང་དུ་སོང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་དང་གཏེར་རྫས་ཐོན་ཁུངས་གསར་སྤེལ་གྱི་སྐྱེ་ཁམས་གཏོར་བཤིག་གནད་དོན་སྒྲིག་བཅོས་བྱེད་པའི་བྱ་བ་ལ་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་པ་དང་། “སྐྱེ་ཁམས་དད་སེམས”ཀྱི་ལོ་རྒྱུས་ཀྱི་མྱོང་ཚོར་ཇེ་ཟབ་ཏུ་གཏོང་བ། “སྐྱེ་ཁམས་ཐོན་ཁུངས”ཀྱི་ཚབ་བྱེད་ཐབས་བྲལ་བའི་རང་བཞིན་ངོས་འཛིན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་ལྗང་མདོག་དར་རྒྱས་ཡོང་ཆེད་བབ་བཟང་གི་སྐྱེ་ཁམས་གཤིན་ས་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་ནན་གྱིས་བསྟན།
    ཡུས་ཁྲིན་ཧུའེ་རྨ་ཆུ་རྫོང་དབལ་བན་ཚང་གྲོང་རྡལ་དུ་སོང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ་ཡོད་ལས་བྱེད་པ་དང་ལས་བཟོ་བ། འབྲོག་པ་མང་ཚོགས་དང་གླེང་མོལ་བྱས། ཁོར་ཡུག་གསར་བརྗེ་ནི་ཀན་ལྷོ་རྗེས་ལུས་ནས་སྔོན་ཐོན་དང་། “བཙོག་ཟིང་ཞན”གསུམ་ནས“དྭངས་གཙང་མཛེས་གསུམ”དུ་བསྒྱུར་བ། རྒྱུན་མཐུད་དང་རྒྱུན་ཆད་མེད་པར་ཁོར་ཡུག་གསར་བརྗེར་སྐུལ་འདེད་གཏོང་བ་དང་། རྐང་འོག་གི“བཀག་རྡོ”ཁྱབ་གདལ་གཏོང་བ། མགོ་ཐོག་གི“བཀག་རྡོ”གཏོར་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་དང་ཉམས་འགྱུར་དེ་བས་མཛེས་སྡུག་ལྡན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་རྒྱབ་ལྗོངས་དང་ཁྱད་ཆོས་གཞི་ནས་ཟབ་ཏུ་འགྲོ་ཐུབ་པ། ཁོར་ཡུག་གསར་བརྗེའི་ཟུར་ཙམ་དེ་འབྲོག་སྡེའི་དབུས་དང་། འབྲོག་པའི་ཁྱིམ་ཚང་། འབྲོག་པའི་སེམས་པ་བཅས་ཀྱི་ཕྱོགས་སུ་སྐུལ་ཁྲིད་བྱ་དགོས་པ་དང་། ཐབ་སྟེགས་དང་ཁྲོ་ཐབ། རྫ་ཁང་། སྒེའུ་ཁུང་། ཐབ་ཚང་། གསང་སྤྱོད། ལྷས་ར། བུད་ཤིང་བཅས་ཀྱི་ཕྱོགས་སུ་རྒྱ་བསྐྱེད་དགོས། ཁོར་ཡུག་གསར་བརྗེ་དེ“ཁོངས་ཡོངས་གད་སྙིགས་མེད་པ་དང་མི་ཚང་མ་གཙང་སྦྲ་བྱེད་མཁན་ཡིན་པ”ནས“དམངས་ཡོངས་ལ་གོམས་གཤིས་ངན་པ་མེད་པ་དང་ཁྱིམ་ཚང་ཚང་མ་ཡ་རབས་དུད་ཚང་ཡིན་པའི”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
    དབལ་བན་ཚང་གྲོང་རྡལ་དུ་ཡུས་ཁྲིན་ཧུའེ་ཡིས་རྒྱུན་མཐུད་ལྷོད་མེད་ངང་ཁོར་ཡུག་སྒྲིག་བཅོས་དམ་འཛིན་བྱེད་པ་དང་། དངོས་གནས་དོ་དམ་བྱ་རྒྱུར་དམ་འཛིན་བྱེད་པ། དགེ་སློབ་ཡོངས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཧུར་ཐག་སྒོས་གཏོད་པ་བཅས་བྱ་དགོས་ལ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། “སྐད་གཉིས”སློབ་གསོ་དམ་འཛིན་བཟང་བོ་བྱེད་པ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་ཞུགས་ཚད་འགན་ལེན་གྱི་བྱ་བ་མུ་མཐུད་དུ་བཟང་བོ་བསྒྲུབ་པ་བཅས་བྱས་ནས་སློབ་གསོའི་བྱ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།