中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྨད་མ་གྲོང་རྡལ་མཚན་སྒྲོགས་དགོན་པའི་དགེ་འདུན་པ་ཡོངས་རིམས་འགོག་གི་ལས་ལ་ཞུགས་པ།
དུས་ཚོད།2020-02-13 20:56:27     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
   ཉེ་ལམ་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  སྨད་མ་གྲོང་རྡལ་མཚན་སྒྲོགས་དགོན་གྱི་སྨན་པ་གྲྭ་ཚང་གིས་དགོན་པའི་ཁྱད་འཕགས་ཀྱི་ཐོན་ཁུངས་དང་གཞི་རིམ་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་དུས་ཐོག་ཏུ་གཉིད་བཅག་ཟས་བཅད་ཀྱིས་སྨན་རིགས་སྡེབ་སྦྱོར་དང་སྨན་ཐུམ་རྒྱག་པ་སོགས་ཀྱི་ལས་ཀར་འབད་འབུངས་ལྷོད་མེད་བརྒྱུད་མཐར། བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་སྙིང་བཅུད་ལོ་གྱོན་མ་དང་ནག་པོ་དགུ་སྦྱོར། དུག་སེལ་བདུག་སྨན་སོགས་རིམས་འགོག་བོད་སྨན་མང་པོ་ཐོན་སྐྱེད་བྱས་པ་མ་ཟད། འགོག་སྨན་འཁྱེར་ནས་མཚེ་རུ་མ་གྲོང་རྡལ་གྱི་མཚེ་རུ་སྡེ་བ་དང་དམེ་སྐོར་སྡེ་བ། ནུར་མ་གོང་ཞོལ་གཉིས་བཅས་ཀྱི་དུད་ཁྱིམ་སྟོང་གསུམ་ལྷག་ལ་རིན་མེད་སྨན་སྦྱིན་བཏང་བ་མ་ཟད། ཡུལ་དངོས་ནས་འབྲོག་པ་མང་ཚོགས་ལ་འགོག་སྨན་བསྟེན་ཚུལ་དང་དེའི་ཕན་ནུས། རང་ལུས་སྲུང་སྐྱོབ་དང་རང་ཁ་བདག་མེད་དུ་མི་གཏང་བར་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་དང་། གསོ་རིག་གི་རྒྱབ་ཤུགས་ལ་ཡིད་ཆེས་བྱ་དགོས་པའི་ཁ་བརྡ་སློབ་གསོ་བྱས་པས། ས་གནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།།
                     (མཚོ་བྱུང་ལྷ་མོས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།