中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་གིས་ཞུགས་པ།
དུས་ཚོད།2020-02-13 20:57:40     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
ཏང་གི་དར་ཆ་འཐབ་ས་དང་བོར་གཡོ།། ཏང་ཡོན་མི་སྣའི་ལྷག་དཀར་འོད་དུ་འཚེར།། 
---ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་གིས་ཞུགས་པ།
    ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་གིས་ཞུགས་ནས། འཐབ་འཛིང་གི་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་པ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་གྱི་ཏང་གི་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། མང་ཚོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་དུག་འགོག་པའི་མཁར་རྫོང་སྲ་བརྟན་ཞིག་ཧུར་ཐག་གིས་བསྐྲུན་ཡོད།
    གང་དུ་ལས་འགན་ལྕི་མོ་ཡོད་ན། དེ་རུ་ཏང་རྩ་འཛུགས་ཀྱི་འབད་པ་ལྷུར་ལེན་གྱིས་བྱ་བ་བྱེད་ཅིང་། དཔའ་མཛངས་རྟུལ་ཕོད་ཀྱི་མིག་དཔེ་ལྟ་བུའི་ཏང་ཡོན་གདོང་ལེན་པ་ཡོད། ཁུལ་ཐད་གཏོགས་ལས་ཁུངས་ཀྱིས“ཏང་ཡོན་འཕྲལ་སྒྲུབ་རུ་ཁག་6”དང་གནས་སྐབས་ཏང་ཀྲི་པུའུ7བཙུགས་པ་དང་། ལས་ཁུངས་ཀྱི་ལས་ཐོག་ཏང་ཡོན་ལས་བྱེད་པ1438ཀྱིས་དཔའ་ངར་ཆེར་བསྐྱེད་ངང་རིམས་ནད་སྔོན་འགོག་གི་དམག་འཐབ་དང་བོའི་ནང་ཞུགས་ཏེ། མཁྲེགས་གཏོར་དཀའ་སེལ་དང་བྱ་བ་ཏན་ཏིག་གིས་སྒྲུབ་ནས་འགྲིམ་འགྲུལ་འཁོར་རྒྱུག་ཁྲོད་ཀྱི་ནད་ཡམས་ཞིབ་བཤེར་དང་ལྟ་ཞིབ་ཚད་ལེན། ཁྲོམ་རའི་ལྟ་སྐུལ། དངོས་ཟོག་འགན་ལེན། སྲིད་ཇུས་དྲིལ་བསྒྲགས། གླེང་ཕྱོགས་དྲང་ལེན་སོགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ། མིག་སྔའི་བར་ཏང་ཡོན་ལས་བྱེད་པ85ཡིས་རང་འགུལ་ངང་ཏང་དངུལ་སྒོར39099སྤྲད་པ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱ་རྒྱུར་སྤྱད་པ་རེད།
    མིག་སྔར། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་མདུན་གྲལ་དུ་བསྐྱོད་དེ་རིམས་འགོག“སྣེ་ཁྲིད་པ”དང“སྣེ་ཁྲིད་མཁན”བྱས་ཡོད།
    ཁུལ་བཟོ་འཕྲིན་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་ལས་དུས་ཁ་སྣོན་གྱི་དུས་ཚོད་དམ་འཛིན་བྱས་ཏེ། ཀོང་ཏུང་དང་ཐེན་ཅིན་སོགས་ཀྱི་སྨན་བཅོས་དངོས་ཟོག་ཐོན་སྐྱེད་ཚོང་འདྲེན་ཁེ་ལས253དང་འབྲེལ་མཐུད་ཧུར་ཐག་བྱས་ཤིང་། དངོས་ཟོག་སྐྱེལ་འདྲེན་དང་དངོས་ཟོག་ལེགས་སྒྲིག དངོས་རྫས་འཚོལ་བསྡུ་བཅས་བྱས་ནས་རིམས་འགོག་དངོས་ཟོག་མཁོ་འདོན་གྱི་འགན་ལེན་ལ་ཁག་ཐེག་བྱས།
    ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་རིགས་སྣ་ཚོགས་ཀྱི་འགོག་སྲུང་ཁ་རས་དང་འགོག་སྲུང་གྱོན་ཆས། ནད་འབུ་གསོད་ཆས། ཁབ་རྒྱག་ཆས་སོགས་བཀོལ་ཐེངས་ཐེངས་གཅིག་ཅན་གྱི་ནད་འབུ་མེད་པའི་སྨན་བཅོས་མཁོ་ཆས་དང་། འབྲེལ་ཡོད་ནད་དཔྱོད་ཚོད་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ལོན་དཔང་རྟགས་མེད་པའི་ཁ་རས1200ལྷག་ཙམ་བཀག་ཉར་བྱས།
    ཁུལ་ནོར་སྲིད་ཅུས་ཀྱིས་ཏང་ཡོན་ལས་བྱེད་པའི་འགན་འཁྲི་མི་ཐོག་ཏུ་འཁུར་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི3069.41བཏང་ནས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཁོ་བའི་དངོས་ཟོག་དང་སྨན་བཅོས་ཡོ་བྱད་སོགས་འབྲེལ་ཡོད་སྒྲིག་ཆས་ཉོ་སྒྲུབ་བྱེད་པར་མ་དངུལ་གྱི་འགན་ལེན་བྱས།
    ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། རྫོང་དང་གྲོང་ཁྱེར་ཁག་གི་གཙོ་གནད་ཁུལ་དང་འགྲིམ་འགྲུལ་འགག་གནད་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་ས་ཚིགས22བཙུགས་ཤིང་། ཁུལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་གཙོ་གནད་ལམ་དུམ་དུ་གྲོང་ཚོར་བསྐྱོད་དེ་སྡོད་ཁང་དུ་ནད་ཡམས་བརྟག་ཞིབ་ཀྱི་ལས་རེས་ས་ཚིགས1452བཙུགས་ཡོད།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཛུབ་མོ་ལྔ་བཅིང་ཁུ་ཚུར་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། མཉམ་དུ“རིམས་ནད”འགོག་པའི་འཐབ་རའི་དབྱངས་རྟ་སྙན་མོ་ཞིག་བརྩམས་ཡོད་ལ། ཞིང་ཆེན་དང་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་མེ་རྫས་མེད་པའི་དམག་འཁྲུག་དེར་རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད།།(གསར་འགོད་པ་གཅོད་པ་སྐྱབས་དང་འཇམ་དབྱངས་ཚེ་རིང་གིས།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།