中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོ་ཁུལ་ཏོག་གསར་གློ་ཚད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཚོགས་པ།
དུས་ཚོད།2020-02-13 21:11:00     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
    ཟླ༢པའི་ཚེས༡༡ཉིན་གྱི་ཕྱི་དྲོར། ཁུལ་ཏོག་གསར་གློ་ཚད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་གཙོས་ནས་ཚོགས།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་ཚོགས་འདུར་ཞུགས།
    གྲོས་ཚོགས་ཀྱིས་ཞིང་ཆེན་ཏོག་གསར་གློ་ཚད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཏོག་གསར་གློ་ཚད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གིས་དངོས་ཟོག་ཁག་ཐེག་ཚན་ཆུང་དང་འགྲིམ་འགྲུལ་གློ་ཚད་ཞིབ་བཤེར་ཚན་ཆུང་། གཙོས་གྲོང་ཁྱེར་བཅས་ཀྱི་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན་རྗེས། མིག་སྔའི་གནད་སའི་བྱ་བ་བཀོད་སྒྲིག་བྱས།ཡུས་ཁྲིན་ཧུའེ་ཡིས་རང་ཁུལ་གྱི་ཐོག་མའི་ནད་པ་སངས་དྲག་བྱུང་ནས་སྒོར་བུད་པ་དེས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་གློ་ཚད་འགོག་བཅོས་ལ་རེ་བ་དང་ཡིད་ཆེས་བསྩལ་བ་རེད། མིག་སྔར། གློ་ཚད་འགོག་བཅོས་བྱེད་པར་ཛ་དྲག་གི་གནས་བབ་ལ་ཁེལ་བས། ནན་གྱིས་མཉམ་འགོག་མཉམ་བཅོས་བྱེད་པ་དང་ཧུར་བརྩོན་སྒོས་གཡུལ་ས་ལས་རྣམ་པར་རྒྱལ་དགོས་ཤེས་ནན་གྱིས་བསྟན།
    ཀྲའོ་ལིན་ཡུན་གྱིས་ཁྱིམ་ཚང་རེ་རེ་ཡི་གནས་ཚུལ་རྒྱུས་ལོན་གཏིང་ཟབ་བྱས་ནས་གཞི་གྲངས་ནོར་འཁྲུལ་མེད་པར་བཟོ་བ་དང་། གློ་ཚད་འགོག་བཅོས་ཀྱི་བརྡ་འཕྲིན་ཡོངས་བསྒྲགས་བྱས་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་དང་མི་སེམས་ཀྱི་དངངས་སྐྲག་མེད་པ་བཟོ་དགོས་ལ། གློ་ཚད་འགོག་བཅོས་ལས་རྣམ་པར་རྒྱལ་བར་བྱེད་པ་དང་ལྷན་དུ་གོ་རིམ་ཡོད་པའི་སྒོ་ནས་ཁེ་ལས་བཟོ་གྲྭའི་ལས་ཚོགས་འགོ་བརྩམས་ནས། དཔལ་འབྱོར་འཕེལ་རྒྱས་ཡོང་བར་དུས་ཚོད་བརྩོན་ལེན་དང་རྨང་གཞི་བརྟན་པོ་གཏིང་དགོས་ཞེས་ནན་གྱིས་བསྟན།
    ཁུལ་གྱི་འགོ་ཁྲིད་པ། ཧུ་མོ་པའོ། ཧུའུ་ཞའོ་ཧྥིན། དབྱང་ཅིན། ཧྲི་ཀྲན་ལིའང། ཝང་ཧྲང་ཞའེ། ལུའོ་ཡུན་ཀའེ། ནམ་མཁའ་སངས་རྒྱས། ཕུའུ་ཁྲོན་ཧུང་། ཝང་ཅན་ཅོན། ཝང་ཧྥང་། ཀྲོའུ་མེ། ད་རུང་ཁུལ་ཏོག་གསར་གློ་ཚད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་དང་འགན་འཁྲི་ཚོགས་པའི་བློ་མཐུན་རྣམས་ཚོགས་འདུར་ཞུགས།།
(མཁའ་བྱམས་ཚེ་རིང་གིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།