中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་ཅོ་ནེ་དང་ལིན་ཐན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱེད་སྐབས་བསྟན་དོན།
དུས་ཚོད།2020-02-13 21:12:23     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
ཡུས་ཁྲིན་ཧུའེ་ཡིས་ཅོ་ནེ་དང་ལིན་ཐན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱེད་སྐབས་བསྟན་དོན།
རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་བཅངས་ནས་བྱ་བའི་འགན་འཁྲི་ནན་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་བྱ་དགོས།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཟླ2པའི་ཚེས12ཉིན་ལ་ཅོ་ནེ་རྫོང་དང་ལིན་ཐན་རྫོང་དུ་སོང་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། བྱ་བའི་འགན་འཁྲི་ནན་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་ལེན་བྱ་དགོས།
    ཅོ་ནེ་རྫོང་དང་ལིན་ཐན་རྫོང་གི་མི་དམངས་སྨན་ཁང་དང་ནད་ཡམས་ཚོད་འཛིན་ལྟེ་གནས་སུ་ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་རིམས་ནད་སྔོན་འགོག་གི་འཐབ་ས་དང་བོར་འབད་འཐབ་བྱ་མཁན་གྱི་སྨན་བཅོས་མི་སྣར་ཐུགས་རྗེ་ཆེ་ཞུས།
    ཡུས་ཁྲིན་ཧུའེ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ཡག་པོ་སྒྲུབ་པ་དང་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་ཉེན་ཁའི་འདུ་ཤེས་དང་འཕེལ་རྒྱས་ཀྱི་འདུ་ཤེས་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བ་སྔ་མོ་ནས་ཇུས་འགོད་བྱ་དགོས་ཞེས་ནན་གྱིས་བཤད།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ་ཡིས་ཞིབ་བཤེར་མཛུབ་སྟོན་བྱེད་པར་འགྲོ་རོགས་བྱས།།
(པད་མ་འཚོས་བསྒྱུར།)

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།